མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཀན་ལྷོ་ཁུལ་བླ་བྲང་དགོན་པས་ད་ལོར་ཡང་བསྐྱར་ལྷ་ཁང8ཞིག་གསོ་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2014-03-15 12:05

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་ཀན་སུའུ་ཞིང་ཆེཔན་ཀན་ལྷོ་ཁུལ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པའམ་བླ་བྲང་དགོན་པའི་རིག་དངོས་ཞིག་གསོ་འགན་འཁུར་བ་བསོད་ནམས་རྒྱལ་ཀྱིས་ཀྲུང་གོའི་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་ལ་དང་ལེན་བྱེད་སྐབས། བླ་བྲང་དགོན་པའི་ཞིག་གསོ་ལས་གཞིའི་འཕེལ་རིམ་ཞིབ་ཕྲ་ཕྱིར་བསྒྲགས་བྱུང་ལ། མིག་སྔར་སྨད་གྲྭ་ཚང་ཞིག་གསོ་དང་འཇམ་དབྱངས་བཞད་པ་མཆོག་གི་གཟིམ་ཤག་གི་ར་སྒོ4བ་བཅས་བརྒྱ་ཆའི45ཞིག་གསོ་བྱས་ཚར་བ་མ་ཟད། ད་དུང་ད་ལོར་ལྷ་ཁང8ཞིག་གསོ་བྱེད་གྲབས་ཡོད་ཚུལ་བརྗོད་བྱུང་།

བླ་བྲང་དགོན་པ་ནི་ཆིང་གོང་མ་ཁང་ཤི་དགུང་ལོ48(1209ལོར)ཐོག་བཞེངས་ཤིང་། ད་བར་དུ་ལོ་ངོ༣༠༠ལྷག་གི་ལོ་རྒྱུས་ལྡན་པའི་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་སྡེ་ཆེན་པོའི་ཡ་གྱལ་དུ་གཏོགས། ད་ཆ་ནང་བསྟན་སློབ་གླིང་ཆེན་པོ་དྲུག་ཡོད་པ་དང་། གྲྭ་ཤག་༥༠༠ལྷག་འདུག ༡༩༨༢ལོར་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཡོངས་རིག་དངོས་སྲུང་སྐྱོབ་ལས་ཁུངས་གཙོ་བོར་བདམས།

2008ལོའི་ཟླ11པའི་ཚེས13ཉིན་《བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་སྤྱིའི་འཆར་འགོད》ལ་ཀྲུང་གོ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཆོག་བཀོད་གནང་། 2012ལོའི་ཟླ6པའི་ཚེས21ཉིན་རྒྱལ་ཁབ་བཅོས་སྒྱུར་གོང་སྤེལ་ཨུ་ཡོན་ལྷན་ཁང་གིས་《བླ་བྲང་དགོན་པའི་རིག་དངོས་སྲུང་སྐྱོབ་ལས་གཞི་སྒྲུབ་ཆོག་པའི་ཞིབ་འཇུག་སྙན་ཞུ》ལ་ཆོག་བཀོད་གནང་སྟེ། མ་དངུལ་སྒོར་དུང་ཕྱུར3.05བཏང་ནས་རིག་དངོས་མ་གཞི་གཞི་གསོ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ལྷུ་ལྷག་ཆ་ཚང་གི་བྱེད་ནུས་བཅས་ཁག་ཆེན་པོ་གསུམ་ལ་སྲུང་སྐྱོབ་ཞིག་གསོ་བྱ་རྒྱུའི་འཆར་འགོད་བཟོས།

བསོད་ནམས་རྒྱལ་གྱིས་ད་ལོར་ཞིག་གསོ་བྱ་རྒྱུའི་ལྷ་ཁང8ནི་ཟླ5བའི་ཡས་མས་སུ་ལས་འགོ་བརྩམ་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཀུན་མཁྱེན་འཇམ་དབྱངས་བཞད་པ་མཆོག་གི་གཟིམ་ཤག1པོ་དང་། 3པ། 4བ་བཅས་ཀྱི་ར་སྒོ་ད་ལོའི་ལོ་མཇུག་ཏུ་ཞིག་གསོ་གནང་ཚར་རྒྱུ་དང་། གཞན་རྒྱུད་སྟོད་སྨད་གཉིས་དང་། ཀྱེེ་རྡོར་གླིང་། སྒྲོལ་དཀར། བྱམས་ཁང་སོགས་རྟེན་ཁང་ཡང་ཞིག་གསོ་སྲུང་སྐྱོབ་གནང་རྒྱུ་རེད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག