མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཨང104ལེགས་པར་བསུས་པ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-10 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས7ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་ལས་རིགས་སོ་སོའི་བུད་མེད་འཐུས་མི་རྣམས་ཡང་བསྐྱར་ལྷན་གཅིག་ཏུ་འཛོམས་ནས་དགའ་སྤྲོ་སྟོང་གིས་བརྟས་པའི་རྒྱལ་སྤྱིའི་བུད་མེད་དུས་ཆེན་ཨང104པ་སྤྲོ་དགའི་ཀློང་ནས་བསུས།

དགའ་འཛོམས་ཀྱི་ཚོགས་ཆེན་ཐོག་ཏུ་གཞི་རིམ་བུད་མེད་བྱ་བའི2013ལོའི་ལས་རིགས་སོ་སོའི་གྲུབ་འབྲས་ཁྲོད་ཀྱི་དར་ལྡན་དཔལ་ཡོན་ལས་སྟེགས་དང་གསུམ་བརྒྱད་དར་དམར་ཐུན་མོང་གི་སྔོན་ཐོན་སྡེ་ཁག་དང་བུད་མེད་ཕྱུག་བསྐྱོད་པ། ཨ་ནེ་བཟང་པོ། མནའ་མ་བཟང་པོ། བུད་མེད་ལས་བྱེད་སྔོན་ཐོན།གསུམ་བརྒྱད་དར་དམར་བའི་སྔོན་ཐོན་སྡེ་ཁག་བཅས་ལ་གཟེངས་རྟགས་གནང་བ་མ་ཟད། དཀའ་ཁག་ཅན་གྱི་བུད་མེད་ལྔ་དང་ལས་བཅོལ་བྱིས་པ་ལྔ་ལ་འཚམ་འདྲི་བྱས། རྨ་ཆུ་རྫོང་བུད་མེད་ལྷན་ཚོགས་ཀྱིས2013ལོའི་བྱ་བ་རིགས་སོ་སོའི་ཁྲོད་དུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྟོབས་ལྡན་འགོ་ཁྲིད་ལ་བརྟེན་ནས་རང་ནུས་འདོན་སྤེལ་དང་གསར་གཏོད་གསར་སྤེལ་གྱི་བྱ་བའི་བྱེད་ཐབས་ལ་གཞིགས་ནས་བུད་མེད་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་གང་ལེགས་ཀྱི་སྒོ་ནས་བུད་མེད་རྩ་འཛུགས་ཀྱི་ཀྱི་བྱ་བ་དེ་རྫོང་གི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་བརླིང་བཅས་ཀྱི་བྱ་བ་གཙོར་འཛིན་པའི་བྱེད་ཕྱོགས་ལག་བསྟར་ནན་མོ་ཐུབ་ཡོད་པ་དང་། བུད་མེད་བདེ་ཐང་སོགས་བུད་མེད་བྱ་བའི་དཀའ་ངལ་གང་མང་ཁྱད་དུ་བསད་ནས་ཨེ་ཙེ་ནད་རིགས་སྔོན་འགོག་དང་ཤེས་བྱ་དྲིལ་སྒྲོགས་སོགས་ཀྱི་སྒོ་ནས་དམངས་ཕན་ལས་གཞི་གལ་ཆེན་ཅིག་སྒྲུབ་བཞིན་ཡོད། རྗེས་ཕྱོགས་སུ་མུ་མཐུད་དུ་རྨ་ཆུ་རྫོང་གི་བུད་མེད་ལྷན་ཚོགས་ཀྱིས་མིག་སྔའི་སྲིད་ཇུས་མང་པོ་ལག་ཏུ་བསྟར་ནས་བུད་མེད་ལྷན་ཚོགས་བྱ་བའི་སྟོབས་ལྡན་གྱི་རུ་དཔུང་རྒྱ་བསྐྱེད་དེ་རང་ངོས་འཐུས་ཚང་དང་བྱང་ཚད་ཇེ་མཐོར་གཏོང་བ་སོགས་ཀྱི་སྒོ་ནས་རྨ་ཆུ་རྫོང་གི་བུད་མེད་ལྷན་ཚོགས་བྱ་བ་སྔར་ལས་གོང་འཕེལ་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག