མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

མཚེ་རུ་མ་ཤང་གིས་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་འགོ་བརྩམས་པ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-10 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་སྐུལ་སློང་ཚོགས་འདུ་འཚོགས་པའི་ཉིན་གཉིས་པ་ནས་བཟུང་། མཚེ་རུ་མ་ཤང་གིས་དེ་མུར་ལས་བྱེད་མི་སྣ་ཡོངས་རྩ་འཛུགས་ཀྱིས་ཏང་ཨུ་སྡེ་ཁག་གིས་སྣེ་ཁྲིད་ནས་ཤང་ཡོངས་ཀྱི་སློབ་སྦྱོང་དུས་རིམ་གྱི་བྱ་བར་དངོས་སུ་ཞུགས་ནས་ཞིང་ཆེན་དང་ཁུལ་རྫོང་རིམ་པའི་འབྲེལ་ཡོད་དགོངས་དོན་ལ་སློབ་སྦྱོང་གཏོང་ཟབ་བྱས། ཤང་ཏང་ཨུས་ཧྲུའུ་ཅི་རྒྱ་མཚོའི་སྣེ་ཁྲིད་པའི་ལས་བྱེད་མི་སྣ་60ལྷག་སློབ་སྦྱོང་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ། ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་དང་ཀན་སུའུ་མི་དམངས་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བོད་ཁུལ་བྱ་བའི་མཆོངས་བསྐྱོད་འཕེལ་རྒྱས་དང་སྤྱི་ཚོགས་གཏན་བདེ་ཡོང་བར་སྔར་ལས་ཁུགས་སྣོན་པའི་བསམ་འཆར་འགའ་དང་། ཧྲུའུ་ཅི་བང་སན་ཡུང་གིས་བོད་ཁུལ་བྱ་བའི་བཞུགས་མོལ་གྲོས་ཚོགས་ཐོག་གི་གཏམ་བཤད། ཧྲུའུ་ཅི་བེ་ཅན་རོང་གིས་ཁུལ་ཡོངས་ཀྱིས་ཞིང་ཆེན་ཨུའི་བོད་ཁུལ་བྱ་བའི་དགོངས་དོན་ལག་བསྟར་བྱེད་པའི་བཞུགས་མོལ་གྲོས་ཚོགས་སྟེང་གི་གཏམ་བཤད་བཅས་ལ་སློབ་སྦྱོང་བྱས། གྲོས་ཚོགས་ཀྱིས་ཐེངས་འདིའི་བྱ་འགུལ་གྱི་བྱེད་སྒོ་སྤེལ་བའི་འགྲོས་རིམ་ལྟར་དུ་བོད་ཁུལ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སྔར་བས་སློབ་སྦྱོང་ནན་མོ་དང་། བོད་ཁུལ་བྱ་བའི་བཅོས་སྒྱུར་འཕེལ་རྒྱས་བྱ་བ་ལེགས་པོར་སྒྲུབས་ནས་མང་ཚོགས་དང་དངོས་སུ་ཕན་ཞིང་ཞབས་འདེགས་སྒྲུབ་པའི་ནུས་པ་འདོན་སྤེལ་གང་ལེགས་ཀྱི་སྒོ་ནས་ཤང་དང་སྲིད་གཞུང་གི་བྱེད་སྒོ་ཚང་མ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས་་ཅེས་ནན་ཏུ་བསྟན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག