མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་རྫོང་ཡངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དུ་རྫོང་གཏོགས་དང་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི་གསོ་སྦྱོང་ཚོགས་འདུ་བསྡུས།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-05 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྫོང་ཡངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དུ་རྫོང་གཏོགས་དང་ ང་གྲོང་ཏང་ཨུའི་ཧྲུའུ་ཅི་གསོ་སྦྱོང་ཚོགས་འདུ་བསྡུས་ནས་རྫོང་ཡོངས་ཀྱི་མང་ཚོགས་ལམ་ཕྱོགས་སློབ་གསོའི་བྱ་འགུལ་ལ་ཞིབ་ཏུ་མཛུབ་སྟོན་གལ་ཆེན་གནང་། ཚོགས་འདུ་ལས་རྫོང་ཡོངས་ཀྱི་ཤང་གྲོང་སོ་སོ་དང་རྫོང་ཐད་གཏོགས་སྡེ་ཁག་སོ་སོ་ཏང་ཨུ་ནས་ཐེངས་འདིའི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་ཡོངས་སུ་མཛུབ་སྟོན་གནང་ནས་སྤྱིའི་རེ་འདུན་དང་བླང་བྱ་ལྔ་བཏོན་ཡོད་དེ། གཅིག་ནས་འགན་འཁུར་ནན་མོ་དང་འགན་ལེན་གཙང་མ་བྱེད་པ། གཉིས་ནས་རང་དཔེ་གཞན་སྟོན་གྱིས་སློབ་སྦྱོང་གི་སྣེ་ཁྲིད་དེ་དགོངས་དོན་ལ་གོ་བ་ཟབ་མོ་ལེན་པ། གསུམ་ནས་འཆར་གཞི་འཐེན་མཁས་དང་བཀོད་སྒྲིག་ལེགས་པོ། བྱེད་ཐབས་བཀོལ་ཤེས་བཅས་བྱེད་པ། བཞི་ནས་གནས་ཚུལ་དངོས་ལ་བསྟུན་པའི་སྒོ་ནས་ཕན་འབྲས་ལྷུར་ལེན་པ། ལྔ་ནས་རྩ་འཛུགས་ནན་མོ་དང་སྡེ་ལས་བཀོད་སྒྲིག་བྱས་ཏེ་ཆེད་མིས་འགན་འཁུར་བ་བཅས་ཡིན།

ཚོགས་འདུས་བསྟན་དོན། རྫོང་ཨུའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་འགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་ཐེངས་འདིའི་བྱ་འགུལ་གྱི་བྱེད་སྒོ་སྤེལ་སྟངས་གསལ་ཅིང་ཞིབ་པར་སྒྲོགས་པ་མ་ཟད། ཏང་ཨུའི་སོ་སོའི་བྱ་བའི་བྱེད་ཐབས་དང་གོ་རིམ་སྔར་ལས་གསལ་བོར་བཏང་ནས་བྱ་འགུལ་སྐུལ་སློང་ཚོགས་འདུའི་སྔོན་གྱི་གྲ་སྒྲིག་བྱ་བ་དང་བཀོད་སྒྲིག་ཐད་ལ་རེ་བ་ནན་མོ་བཏོན་པ་དང་། སློབ་གསོ་སློབ་སྦྱོང་དུས་རིམ་དུ་མཛུབ་སྟོན་ནུས་པ་ལྡན་ཞིང་ལག་ལེན་རང་བཞིན་ཡོད་པའི་བླང་བྱ་མང་པོ་བཏོན་ནས་བྱ་འགུལ་གྱི་འགོ་ཡག་པོ་འཁྱོངས་པར་ཁག་ཐེག་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག