མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གཞུང་ལམ་ལས་གཉེར་ནས་ཁངས་ལམ་བསལ་བ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-05 10:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས16ཉིན་ནས17བར་ཏུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཁོངས་སུ་བསྟུད་མར་ཁངས་ཆག་ཆེན་པོ་བྱུང་ནས་་ཀྱི་མཐུག་ཚད་ལིས་རྨིས15ཡན་དུ་སླེབས་ཤིང་དེའི་ཁྲོད་ཀྱི་ཀ་རྨ་ལའི་གཞུང་ལམ་རྒྱུད་དུ་མུས200ལྷག་གི་རིང་ཚད་ལ་ཁངས་ཀྱི་མཐུག་ཚད་རྨིས1ལ་སླེབས་པས་འགྲིམ་འགྲུལ་བདེ་འཇགས་ཐད་ལ་གནོད་པ་ཆེན་པོ་བྱུང་། ཁངས་ཆག་ལྷུང་མ་ཐག་རྨ་ཆུ་རྫོང་གཞུང་ལམ་བདག་གཉེར་ལས་ཁུངས་ཀྱི་དེ་མུར་མྱུར་སྐྱོབ་འཆར་གཞི་མྱུར་འདོན་གྱིས་སྒོ་ནས་འགན་འཁུར་མི་སྣ་གཅོ་བོའི་སྣེ་ཁྲིད་འོག་ཏུ་ལམ་གཉེར་བ་དང་ལས་བྱེད་མི་སྣ40ལྷག་ཁྲིད་དེ་གྲང་ངར་ལ་མ་འཛེམ་པར་སྤྱི་ལེ12ལྷག་གི་ལམ་རྒྱུད་དུ་བྱེ་མ་དང་ཚྭ་གཏོར་བ་དང་ཁངས་དར་འདྲེས་མའི་ལམ་དུ་ཁངས་འདྲད་པ་སོགས་བྱས་ཏེ་སྐབས་ཐོག་གི་འགྲིམ་འགྲུལ་གནད་དོན་སེལ་གང་ནུས་བྱས།

བསྡོམས་རྩིས་བྱས་པ་ལྟར་ན། ཟླ2པའི་ཚེས18ནས20པའི་བར་ཏུ། བསྟུད་མར་ཉིན3གྱི་རིང་ལ། ལམ་རྒྱུད་དུ་ལས་གཉེར་བ་མི130མངགས་པ་དང་། ལས་ཞུགས་རླངས་འཁོར་15བཀོལ། མུས་གྲུ་བཞི་མ80སར་ཤུད་འགོག་རྒྱུ་ཆ་གཏོར་བ་དང་བཟོ་ལས་ཚྭ་ཏུན1.2བཀོལ་སྤྱོད་བྱས་ནས་སྤྱི་ལེ7ལྷག་གི་རིང་གི་གཞུང་ལམ་གཙང་ཕྱག་དང་སྤྱི་ལེ0.5ཡི་རིང་ཚད་ཀྱི་དར་གཙང་སེལ་བྱས་བས་ཀ་རྨ་ལམ་གྱི་འགྲིམ་འགྲུལ་ལ་སྟབས་བདེ་གང་ལེགས་བསྐྲུན་པ་དང་བདེ་འཇགས་ལ་ཁག་ཐེག་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག