མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་རྩིས་བཤེར་ལས་དོན་གསོ་སྦྱོང་ལ་ཤུགས་བསྣན་ནས་རྩིས་པའི་ནུས་པ་བསྐྱེད་བསྲིང་བྱས་པ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-02-28 12:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཚང་ཚོགས་ཐེངས་གསུམ་པ། རྒྱལ་ཡོངས་དང་ཞིང་ཆེན་རྩིས་བཤེར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་མོ་བྱ་ཆེད་དང་། རྩིས་བཤེར་ལས་སྣ་བའི་ཕྱོགས་བསྡུས་བྱང་ཚད་དང་ནུས་པ་ཇེ་བཟང་དུ་གཏོང་ཆེད། ཟླ2པའི་ཚེས10ཉིན་ནས17བར་ཏུ་ཀན་སུའུ་ཞིང་ཆེན་རྩིས་བཤེར་སྤྱི་ཁྱབ་དང་ཞིང་ཆེན་རྩིས་བཤེར་ཐིན་ནས་ཚོགས་འདུ་འཚོགས་ཏེ་གསོ་སྦྱོང་ཉིན་བདུན་ལ་བསྡུས་བ་དང་། རྨ་ཆུ་རྫོང་གི་རྩིས་བཤེར་ཅུས་ཀྱི་ལས་བྱེད་མི་སྣ་ཡོངས་བརྙན་ལམ་ཚོགས་འདུར་ཞུགས་ནས་བརྙན་ལམ་གསོ་སྦྱོང་ནན་ཏུ་སྤེལ། གསོ་སྦྱོང་ཚོགས་ཐོག་ཏུ་ལས་བྱེད་མི་སྣ་ཡོངས་ཀྱིས་བསམ་བློའི་ཐོག་ནས་མཐོང་ཆེན་དང་སློབ་སྦྱོང་གི་གོ་སྐབས་དམ་འཛིན་གྱིས་ཝུའུ་ཡུས་ཐིན་ཀྲང་གིས་བཏོན་པའི་གསར་སྤེལ5ཡི་བྱ་བར་ཤུགས་སྣོན་དང་ཀྲུང་དབྱང་གིས་བཏོན་པའི་གཏན་འབེབས་བརྒྱད་དང་ཞིང་ཆེན་ཏང་ཨུའི་བཅུ་ཟུང་གི་གཏན་འབེབས། སྲིད་གཙང་ཚངས་ཐིག གཞན་ཡང་རྩིས་བཤེར་སྒྲིག་ལམ་གྱི་མི་ཆོག་པ་བརྒྱད་སོགས་ཀྱི་ཕྱོགས་ནས་སློབ་སྦྱོང་གི་རྣམ་པ་ཡག་པོ་ཞིག་ཆགས་རྒྱུ་དང་གསར་སྤེལ་གསར་གཏོད་ཀྱི་བསམ་བློས་རྩིས་བཤེར་བྱ་བའི་སྲིད་གཙང་རང་བཞིན་དང་དོན་གཉེར་རང་བཞིན་དོན་ཐོག་ཏུ་འབེབས་པའི་རྩིས་བཤེར་བ་གསོ་སྦྱོང་གི་རེ་འདུན་དང་བླང་བྱ་ནན་ཏུ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག