མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-01-18 11:31

甘肃藏族唐卡展览会.jpg

ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོའི་བོད་ཀྱི་རིག་གནས་དང་ཐང་གའི་འགྲེམ་སྟོན་དེ་ཚེས16ཉིན་ཁོ་རེ་ཡ་རྒྱལ་ཁབ་ཀྱི་རྒྱལ་ས་ཧྲུག་ཨར་ནས་སྤེལ་ཞིང་། དེ་དང་མཉམ་དུ་འབྲེལ་ཡོད་ཀྱི་རིག་གནས་འཁྲབ་སྟོན་བྱ་འགུལ་ཁག་ཅིག་སྤེལ།

    རྒྱུས་ལོན་བྱུང་བ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་ཟླ་དང་པོའི་ཚེས16ཉིན་ནས་ཟླ3པའི་ཚེས4ཉིན་བར་དུ་སྤེལ་རྒྱུ་ཡིན་ལ། ཡུལ་དངོས་སུ་འགྲེམ་སྟོན་བྱས་པའི་ཐང་ག་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་སྟེ་ཀན་ལྷོ་ཁུལ་བོད་ཀྱི་རིག་གནས་ཚན་རྩལ་འདོན་སྤེལ་ཚད་ཡོད་ཀུང་ཟིས་ལོ་ངོ་བཅུའི་རིང་ལ་ཞིབ་ཚགས་སྒོས་བཞེངས་པ་རེད།

    འགྲེམ་སྟོན་གྱིས་བོད་ཀྱི་ལོ་རྒྱུས་རིག་གནས་དང་བོད་བརྒྱུད་ནང་བསྟན་རིག་གནས་བརྗོད་གཞིར་བཟུང་ནས་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་ཁྱད་ཆོས་མངོན་པར་མཚོན་ཞིང་། ཁོ་རེ་ཡ་རྒྱལ་ཁབ་ཀྱི་ནང་བསྟན་གྱི་དད་ལྡན་མང་ཚོགས་དང་གྲོང་ཁྱེར་མི་དམངས་ཀྱིས་ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་ཁུལ་གྱི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱེད་པར་མཐུན་རྐྱེན་བསྐྲུན།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག