མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་གྱི་973འཆར་གཞིའི་ལས་གཞི་གསུམ་ལ་རྒྱལ་ཁབ་ཀྱི་ཆོག་མཆན་ཐོབ་པ་དང་སྤྱིའི་འགྲོ་གྲོན་སྒོར་ཁྲི8000ཡི་རོགས་སྐྱོར་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-01-07 10:48

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚས5ཉིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཚན་རྩལ་པུའུ་ཡིས་ཉེ་ལམ་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་གཙོ་གནད་རྨང་གཞི་ཞིབ་འཇུག་འཕེལ་རྒྱས་འཆར་འགོད་ཀྱི2014ལོའི་ཆོག་མཆན་ཐོབ་པའི་ལས་གཞིའི་མིང་ཐོའི་ཁྲོད། ལན་གྲུ་སློབ་ཆེན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གིས་སྙན་ཞུ་བྱས་པའི973འཆར་གཞིའི་ལས་གཞི་གསུམ་ལ་ཆོག་མཆན་ཐོབ་པ་དང་། སྤྱིའི་མ་དངུལ་འགྲོ་གྲོན་སྒོར་ཁྲི8000ཡི་རོགས་སྐྱོར་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། ཀྲུང་གོ་བཟོ་འགོད་གླིང་གི་ཡོན་ཧྲི་དང་ལན་གྲུ་སློབ་ཆེན་རྩྭ་ས་ཞིང་ལས་ཚན་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་ནན་ཀྲི་པེའོ་ཡིས་གཙོ་ཁྲིད་ཚན་རིག་པའི་འགན་འཁུར་བའི“གཟན་རྩྭ་གཙོ་བོ་དང་ཞིང་སའི་སྤུས་ལེགས་ཐོན་ཚད་མཐོ་བའི་སྐྱེ་དངོས་རིག་པའི་རྨང་གཞི”ལས་གཞི་ནི2007ལོར་ལན་གྲུ་སློབ་ཆེན་གྱི973འཆར་གཞི་ལས་གཞིའི་ནང་ཚུད་རྗེས་ཡང་བསྐྱར་འཆར་གཞི་འདིའི་རོགས་སྐྱོར་ཐོབ་པ་ཡིན། དུས་མཚུངས་སུ། ལན་གྲུ་སློབ་ཆེན་ཆ་འཕྲིན་ཚན་རིག་དང་བཟོ་འགོད་སློབ་གླིང་གི་དགེ་རྒན་ཆེན་མོ་ཧུའུ་པིན་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲའོ་ཧུང་ཝེ་ཡིས་གཙོ་ཁྲིད་ཚན་རིག་པའི་འགན་འཁུར་བའི་ལས་གཞི་གཉིས་ལའང་ཆོག་མཆན་ཐོབ་ཡོད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག