མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

བོད་རྒྱ་སྐད་གཉིས་ཀྱི«ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཁྲ་ཕྱོགས་སྒྲིག»པར་དུ་བསྐྲུན།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-12-28 12:30

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ12པའི་ཚེས24ཉིན། ཀན་སུའུ་ཞིང་ཆེན་ས་རྒྱུས་ཆ་འཕྲིན་ཐིག་འབྲི་ཅུའུ་དང་། ཀན་སུའུ་ཞིང་ཆེན་རྨང་གཞིའི་ས་རྒྱུས་ཆ་འཕྲིན་ལྟེ་གནས། ཀྲུང་གོའི་ས་ཁྲ་པར་བསྐྲུན་ཁང་བཅས་ཀྱིས་བསྒྲིགས་པའི«ཀན་ལྷོའི་ས་ཁྲ་ཕྱོགས་སྒྲིག»དངོས་སུ་པར་བསྐྲུན་བྱས་ཤིང་། དེ་ནི་ཀན་སུའུ་ཞིང་ཆེན་གྱི་རྒྱ་བོད་སྐད་གཉིས་ཀྱི་ས་ཁྲ་ཕྱོགས་སྒྲིག་གི་དཔེ་དེབ་ཐོག་མ་རེད།

ས་ཁྲ་ཕྱོགས་སྒྲིག་ཁྲོད་གནས་སྐོར་དང་། གཏེར་རྫས། ཆུ་གློག གསོ་རིག ཕྱུགས་ལས་སོགས་ཀྱི་ཐོན་ཁུངས་ཀྱི་དགེ་མཚན་བརྗོད་ཡོད་ལ། ཁ་དོག་དང་མཚོན་རྟགས་ཀྱི་ཇུས་འགོད་ཐད་ཡུལ་ཁོངས་ཀྱི་ཁྱད་ཆོས་མངོན་པར་དོད་པ་སྟེ། ཀན་ལྷོའི་རྩྭ་ཐང་མཚོན་བྱེད་དུ་མདོག་ལྗང་ཁུ་དང་། དགོན་སྡེ་མཚོན་བྱེད་དུ་མདོག་དམར་པོ། ནམ་མཁའ་མཚོན་བྱེད་དུ་མདོག་སྔོན་པོ་བཅས་མདོག་གསུམ་བླངས་ཐོག བཀྲ་ཤིས་རྟགས་བརྒྱད་དང་། སྦྲ་གུར་སོགས་ཚབ་མཚོན་རང་བཞིན་གྱི་རི་མོ་དག་ས་ཁྲའི་བརྗོད་བྱ་དང་འབྲེལ་ནས་ཇུས་འགོད་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག