མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-12-23 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི“12.4”ཡི་ཐེངས་བཅུ་གཉིས་པའི་ཁྲིམས་ལུགས་དྲིལ་སྒྲོག་ཉིན་མོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞུ་གཏུག་དང་ལྐོག་ཟ་ལ་ངོ་རྒོལ། ཡིག་སྒྱུར་སོགས་སྡེ་ཁག་མང་པོའི་ལས་བྱེད་པས་གཙོས་གྲོང་ཁྱེར་གྱི་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་སྤེལ།

ཐེངས་འདིའི་དྲིལ་སྒྲོག་བྱ་འགུལ་གྱིས་ཁྲིམས་སྲོལ་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ཏེ་བདེ་འཇགས་ཀན་ལྷོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བརྗོད་དོན་དུ་བཟུང་སྟེ། བོད་རྒྱ་སྐད་གཉིས་དང་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་དེབ་ཆུང་འགྲེམ་སྤེལ་བྱེད་པ་བརྒྱུད་ཁྲིམས་སྲོལ་དྲིལ་སྒྲོག་བྱས། དྲིལ་སྒྲོག་གི་ནང་དོན་ཕུན་སུམ་ཚོགས་པ་དང་། ཞིང་ལས་དང་འབྲེལ་བའི་ལས་རིགས་ཁྱབ་ཁོངས་སུ་ཁྲིམས་འགལ་གནས་ཚུལ་རྩད་གཅོད་དང་མི་དམངས་ཞིབ་དཔྱོད་ཁང་གིས་ཐད་ཀར་དུ་ཉེས་དོན་རྩ་འཛུགས་ཐག་གཅོད་བྱེད་པའི་ཚད་གཞི་དང་གཞན་པའི་ཞིབ་དཔྱོད་འགན་འཁྲི་སོགས་ཀྱི་ནང་དོན་འདུས་ཡོད།

བྱ་འགུལ་ཁྲོད། རིམ་པ་གཉིས་ཀྱི་ཞིབ་དཔྱོད་ཁང་གི་ལས་བྱེད་མི་སྣས་ཞིབ་དཔྱོད་བྱ་བའི་འགན་འཁྲི་ལ་གཞིགས་ཏེ་འདྲི་རྟོགས་བྱེད་ས་དང་དྲིལ་སྒྲོག་རྒྱུ་ཆ་སྟེར་བ། ཡུལ་དངོས་སུ་འདྲི་རྟོག་དང་ལེན་སོགས་ཀྱི་བྱེད་ཐབས་སྤྱད་ནས་མང་ཚོགས་ཀྱི་ཁྲིམས་ལུགས་ཕྱོགས་ཀྱི་དོགས་གཞི་སྣ་ཚོགས་ལ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དྲིས་ལན་བཏབ། བྱ་འགུལ་སྐབས་སུ་དྲིལ་སྒྲོག་རྒྱུ་ཆ300ལྷག་བཀྲམས་པ་དང་། མང་ཚོགས་ཀྱི་ཁྲིམས་ལུགས་དྲི་བ་མི་ཐེངས་བརྒྱ་ལྷག་དང་ལེན་བྱས་ལ། རིགས་སོ་སོའི་ཁྲིམས་ལུགས་ཀྱི་དོགས་གཞི་དྲི་བ20ལྷག་ལ་འགྲེལ་བཤད་བྱས་ཤིང་། མང་ཚོགས་མི་ཐེངས6སྣེ་ལེན་བྱས། དྲིལ་སྒྲོག་བྱེད་པ་བརྒྱུད། མང་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་ཞིབ་དཔྱོད་འགན་ནུས་ལ་རྒྱུས་ལོན་བྱས་པ་དང་། དྲིལ་སྒྲོག་གི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་ནུས་ལེགས་པོ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག