མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-11-29 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས25ཉིན་ལྕགས་ལམ་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་འཛུགས་སྐྲུན་ཐིན་གྱིས་ལན་གྲུ་ནས་གཙོས་བར་གྱི་ལྕགས་ལམ་བཟོ་སྐྲུན་གྱི་ལམ་ཐིག་བསམ་འཆར་ཡི་གེ་ལ་དངོས་སུ་ཆོག་མཆན་བཀོད། དེ་བས་ལན་གྲུ་ནས་གཙོས་བར་གྱི་ལྕགས་ལམ་དེ་དངོས་སུ་ལག་བསྟར་བྱེད་པའི་དུས་རིམ་དུ་སླེབས་ཡོད། གསར་དུ་འཛུགས་རྒྱུ་ཡིན་པའི་ལན་གྲུ་ནས་གཙོས་བར་གྱི་ལྕགས་ལམ་ནི་ལན་གྲུ་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་གྱི་ཆ་ཤས་ཤིག་ཡིན་ལ། རགས་རྩིས་བྱས་པའི་སྤྱིའི་མ་དངུལ་སྒོར་དུང་ཕྱུར86དང་འཛུགས་སྐྲུན་དུས་ཡུན་ནི་ལོ་གསུམ་ཡིན། སྤྱིའི་ལམ་ཐིག་གི་རིང་ཚད་ལ་སྤྱི་ལེ172.159ཡོད་པ་དང་། ལམ་ཐིག་ནི་དུས་ཚོད་རེར་སྤྱི་ལེ120མགྱོགས་ཚད་ལྟར་ཇུས་འགོད་བྱས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག