མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་ཅོ་ནེ་རྫོང་ཉིན་པ་སྡེ་བ་དེ་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་རུ་ཚུད་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-11-13 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། སྡོད་ཁང་དང་ཞང་གྲོང་འཛུགས་སྐྲུན་པུའུ་ཡིས་སྐོར་ཐེངས་གཉིས་པའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཉིན་པ་ཡུལ་ཚོའི་ཉིན་པ་སྡེ་བ་དེའི་ཁོངས་སུ་ཚུད་ཅིང་། དེ་ནི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོ་རུ་ཚུད་པའི་ཀན་ལྷོའི་སྡེ་བ་གཅིག་པུ་ཡིན་པ་རེད།

ཉིན་པ་སྡེ་བ་ནི་ལོ་ངོ་བརྒྱ་ཕྲག་དུ་མའི་ལོ་རྒྱུས་ལྡན་པའི་གནའ་བོའི་གྲོང་སྡེ་ཞིག་ཡིན་ལ། སྡེ་བའི་སྡོད་ཁང་རྣམས་རི་ལ་བརྟེན་ནས་གོ་རིམ་ལྡན་པར་བརྩིགས་ཡོད་ཅིང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་ལྡན། ཡུལ་དེ་ནི་ཨ་མདོའི་སྡེ་བ་དང་པོ་དང་ཚེ་ཐག་རིང་བའི་གྲོང་སྡེ་ཞིག་ཡིན་ཏེ། ལོ་བརྒྱའི་རྒན་པ་མང་པོ་འཚོ་གཞེས་གནང་འདུག་པ་དང་། ལོ་ན་ཆེས་རྒན་པ་དེ་དགུང་ལོ་བརྒྱ་དང་བཅུ་བཞིར་འདུག་མྱོང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག