མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྡུང་ལེན་པ་གདུ་བྷེ་ཡིས་ཆེས་ཐོག་མའི་ཆེད་བསྒྲིགས་དགོང་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-11-08 11:01


ཆེད་བསྒྲིགས་དགོང་ཚོགས་སྡུད་བཞིན་པའི་ཡུལ་དངོས།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ11པའི་ཚེས6ཉིན། ཁུ་བྱུག་སྔོན་མོ་ཞེས་ནས་སྙན་པའི་གྲགས་པ་ཕྱོགས་སུ་རྒྱས་ཤིང་བོད་ཁམས་སུ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་རྡུང་ལེན་པ་གྲགས་ཅན་གདུ་བྷེ་ལགས་ཀྱི་ཆེས་ཐོག་མའི་ཆེད་བསྒྲིགས་དགོང་ཚོགས《ཁུ་བྱུག་གི་བརྩེ་བ》ཞེས་པ་དེ་ཀན་ལྷོ་ཁུལ་རྨ་ཆུའི་གེ་སེར་དམངས་སྲོལ་རིག་གནས་ལྟེ་བ་རུ་བདེ་བླག་ངང་བསྡུས་པ་རེད།

ཐེངས་འདིའི་གླུ་བ་གདུ་བྷེ་ལགས་ཀྱི་ཆེད་བསྒྲིགས་དགོང་ཚོགས་སྟེང་། མདོ་ཁམས་སུ་དར་ཁྱབ་ཆེ་བའི་ཁོང་གི་གླུ་གཞས་བརྩམས་ཆོས་མཆོག་ཏུ་གྱུར་པ་དག་ཡང་བསྐྱར་ཉན་མཁན་རྣམས་ཀྱི་སྙན་ལམ་དུ་ཕུལ་བས། ཁོང་གི་གླུ་གཞས་དང་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོ་ནི་ཀུན་གྱི་རྣ་བོའི་གསོས་ཁོ་ན་ཙམ་མ་ཡིན་པར། ཉན་མཁན་རྣམས་ཀྱིས་མཉམ་གཅིག་ཏུ་འདས་ཟིན་པའི་ཡིད་དུ་འོང་བའི་ལོ་ཟླ་ལ་རྗེས་དྲན་བྱེད་ཐེངས་ཤིག་བྱས་པས། བསམ་པའི་ལོངས་སྤྱོད་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ལ། གླུ་གཞས་རེ་རེའི་འགྱུར་ཁུག་དང་ཚིག་འབྲུ་རེ་རེ་ན་རྡུང་ལེན་པ་གདུ་བྷེ་ཁོང་དང་ཉན་མཁན་རྣམས་ཀྱི་ཐུན་མོང་གི་དྲན་ཤེས་དང་བརྩེ་བ་འཐིམས་ཡོད་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག