མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་རུ་བྱིས་སྐྱོང་ཁང519བསྐྲུན་ནས་བོད་ཁུལ་གྱི་སློབ་སྔོན་སློབ་གསོར་འགན་སྲུང་བྱ་རྒྱུ་རེད།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-11-02 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ལོ་གཉིས་ནས་གསུམ་ནང་བྱིས་སྐྱོང་ཁང519བསྐྲུན་ནས་བོད་ཁུལ་གྱི་སློབ་སྔོན་སློབ་གསོར་འགན་སྲུང་བྱ་རྒྱུ་རེད།

མིག་སྔར་ཀན་ལྷོ་ཁུལ་གྱིས་ལས་རིགས་སློབ་གསོ་འབུར་དུ་བཏོན་ནས་དམ་འཛིན་བྱ་རྒྱུ་ཡིན་པ་སྟེ། ཐོག་མར་བཀོད་སྒྲིག་བྱས་མེད་པའི་སློབ་ཆེན་དང་འབྲིང་རིམ་ཆེད་ཚན་སློབ་གྲྭའི་མཐར་ཕྱིན་སློབ་མ5000ལྷག་གསོ་སྦྱོང་དང་ལས་ཀར་ཞུགས་སུ་འཇུག་པའི་ཁར། དམའ་འབྲིང་དང་མཐོ་འབྲིང་གི་ལས་ཞུགས་ལ་ཤུགས་སྣོན་པ་དང་། 9+3ཞེས་པའི་སློབ་རིན་མི་དགོས་པའི་ལས་རིགས་སློབ་གསོར་སྐུལ་སྤེལ་བྱེད་པ་སོགས་བརྒྱུད་ནས་བྱང་ཚད་མཐོ་བའི་ངལ་རྩོལ་བ་སྐྱེད་སྲིང་བྱ་རྒྱུ་ཡིན་པ་དང་། ཁུལ་ཡོངས་སུ་བྱིས་སྐྱོང་ཁང519བསྐྲུན་ནས་སློབ་ལོ་སྔོན་གྱི་ལོ་གསུམ་གྱི་བྱིས་པ་བྱིས་སྐྱོང་ཁང་དུ་འགྲིམ་ཚད་ཞིང་ཆེན་ཡོངས་ཀྱི་ཆུ་ཚད་དང་ཉེ་བར་བྱ་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག