མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

《ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས》པར་བསྐྲུན་འགྲེམ་སྤེལ་བྱས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-24 10:49


《ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས》པར་བསྐྲུན་འགྲེམ་སྤེལ་བྱས།
《甘南历史文化丛书》出版发行
《ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས》པར་བསྐྲུན་འགྲེམ་སྤེལ་བྱས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 《ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས》དེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་འདི་ལ་ཁྱོན་བསྡོམས《ཀན་ལྷོའི་བོད་རིགས་ཚོ་ཁག་གི་སྤྱི་ཚོགས་དང་རིག་གནས》དང《རྟོགས་བརྗོད་རིན་ཆེན་ཕྲེང་བ།—ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པའི་རང་རྣམ》(སྟོད་སྨད་ཆ)དང《གུང་ཐང་བསྟན་པའི་དབང་ཕྱུག་གི་རྣམ་ཐར》དང《ཀན་ལྷོ་ཁུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས་མདོར་གསལ》དང《གླིང་གེ་སར་རྒྱལ་པོའི་སྒྲུང--ཐ་རམ་དགོས་འདོད་གཏེར་རྫོང》དང《ཀན་ལྷོའི་བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར།》དང《ཉི་འོད་ཀྱིས་བསྐྱངས་པའི་གཤོག་རླབས།—ཀན་ལྷོའི་དེང་རབས་སྙན་ངག་ཕྱོགས་བསྒྲིགས》སོགས་པོད་ཉེར་གཉིས་ཡོད་པ་རེད།
  དཔེ་ཚོགས་འདིའི་ཁྲོད་བོད་ཡིག་གི་ལམ་ནས་བརྩམས་པའི་དེབ12དང་། རྒྱ་ཡིག་གི་ལམ་ནས་བརྩམས་པའི་དེབ10ཡོད་ལ། བརྗོད་བྱའི་ཐད་ནས་གཙོ་བོ་ཀན་ལྷོའི་ས་གནས་ལོ་རྒྱུས་དང་། ཆོས་སྡེའི་ལོ་རྒྱུས། རྩོམ་རིག  གེ་སར་རྒྱལ་པོའི་སྒྲུང་། སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས། བཟའ་བཏུང་གི་སྐོར་སོགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཡོད་པས། ཡུལ་དེ་གའི་བོད་ཀྱི་རིག་གནས་སྔོག་འདོན་དང་འཛིན་སྤེལ་བྱེད་པར་ནུས་པ་གལ་ཆེན་ལྡན་པར་མ་ཟད། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལོ་ཙཱའི་སྐོར་ཡང་བསྒྲིགས་ཡོད་པས། ལག་ལེན་དངོས་ལ་ཕན་ཞིང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག