མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་བསང་ཆུ་རྫོང་གི་བསང་ཁོག་རྩྭ་ཐང་དུ་སྤོར་རྒྱུ་ཡིན་པ།

  ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  2013-10-22 10:40

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས10ཉིན།ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གནས་སྤོར་བའི་ལས་གྲྭ་དེ་ཀན་ལྷོ་ཁུལ་བསང་ཆུ་རྫོང་བསང་ཁོག་ཡུལ་ཚོ་རུ་དངོས་སུ་འགོ་བརྩམས་ཤིང་།ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ལགས་སོགས་འགོ་རྩོམ་མཛད་སྒོར་ཞུགས་པ་རེད། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དེ1996ལོར་བཙུགས་པ་ནས་བཟུང་།ཀན་སུའུ་ཞིང་ཆེན་དང་ལྗོངས་ཞིང་གཞན་ནས་ཡོང་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་དགེ་འདུན་པ་སྟོང་ཕྲག་གཅིག་ལ་ཉེ་བ་སྐྱེད་སྲིང་དང་གསོ་སྦྱོང་བྱས་ནས།ཏང་སྲིད་སྡེ་ཁག་དང་ལས་རིགས་སོ་སོའི་མི་སྣའི་ཁས་ལེན་དང་གདེང་འཇོག་མཐོན་པོ་ཐོབ་པ་རེད། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་གནས་སྤོའི་ལས་གཞི་དེ་བོད་ཁུལ་འཕེལ་རྒྱས་ཀྱི་འཆར་བཀོད་ཁྲོད་བཞག་ཅིང་། ད་ལོའི་ཟླ4པར་ལས་གཞི་ལ་དངོས་སུ་ཆོག་མཆན་ཐོབ།སློབ་གླིང་གི་གནས་གསར་པ་དེ་བསང་ཁོག་རྩྭ་ཐང་དུ་བསྐྲུན་རྒྱུ་ཡིན་པ་དང་།བསང་ཆུ་རྫོང་མཁར་དང་སྤྱི་ལེ13ཡོད།སའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ65033ཡོད་ལ།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་གྲུ་བཞི་མ22170ཡོད། ལས་གཞིའི་སྤྱིའི་དངུལ་གཏོང་སྒོར་ཁྲི10302ཡིན་པ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག