མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དེ་བསང་ཆུའི་བསང་ཁོག་རྩྭ་ཐང་དུ་སྤོར་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-16 15:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས10ཉིན། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གནས་སྤོར་བའི་ལས་གྲྭ་དེ་ཀན་ལྷོ་ཁུལ་བསང་ཆུ་རྫོང་་བསང་ཁོག་ཡུལ་ཚོ་རུ་དངོས་སུ་སྤེལ་མགོ་བརྩམས་ཤིང་། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་ལགས་སོགས་ལས་གྲྭ་སྤེལ་མགོ་རྩོམ་པའི་མཛད་སྒོར་ཞུགས།

ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་དེ1996ལོར་བཙུགས་པ་ནས་བཟུང་། ཀན་སུའུ་ཞིང་ཆེན་དང་ལྗོངས་ཞིང་གཞན་ནས་ཡོང་བའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་དང་དགེ་འདུན་པ་སྟོང་ཕྲག་གཅིག་ལ་ཉེ་བ་སྐྱེད་སྲིང་དང་གསོ་སྦྱོང་བྱས་ནས། ཏང་སྲིད་སྡེ་ཁག་དང་ལས་རིགས་སོ་སོའི་མི་སྣའི་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ་ཡོད། ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་གི་གནས་སྤོར་ལས་གཞི་དེ་བོད་ཁུལ་འཕེལ་རྒྱས་ཀྱི་འཆར་བཀོད་ཁྲོད་བཞག་ཅིང་། ད་ལོའི་ཟླ་བཞི་པར་ལས་གཞི་ལ་དངོས་སུ་ཆོག་མཆན་ཐོབ། སློབ་གླིང་གསར་པ་དེ་བསང་ཁོག་རྩྭ་ཐང་དུ་བསྐྲུན་རྒྱུ་ཡིན་པ་དང་། བསང་ཆུ་རྫོང་མཁར་དང་སྤྱི་ལེ་བཅུ་གསུམ་ཡོད། ལས་གཞི་དེའི་ཐད་ལ་སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཅིག་དང་ས་ཡ་གསུམ་ཁྲི་གཉིས་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག