མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་ཁྲིམས་བཙུགས་ནས་ཀན་ལྷོའི་མཐོ་སྒང་གི་བརླན་ས་ལ་སྲུང་སྐྱོབ་བྱེད་པ།

རྩོམ་པ་པོ། རྩོམ་པ་པོ། བདེ་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-10-09 10:27

                             རྨ་ཆུའི་བརླན་ས།

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ནི་རྨ་ཆུ་དང་འབྲི་ཆུའི་མགོ་སྟོད་དུ་མངའ་ཞིང་། དེའི་ཁོངས་ཀྱི་རྨ་ཆུའི་བརླན་ས་ལྟེ་བར་བྱས་པའི་ཀན་ལྷོའི་མཐོ་སྒང་གི་བརླན་ས་དེ་ནི་སའི་གོ་ལའི་གློ་བ་ལྟ་བུར་གྱུར་འདུག་པ་དང་། ཀྲུང་ཧྭའི་ཆུ་ཡི་གཏེར་མཛོད་ཅེས་ཀྱང་འབོད། རྨ་འབྲི་གཉིས་ཀྱི་མགོ་སྟོད་ཀྱི་སྐྱེ་ཁམས་ཀྱི་སྲུང་ཆོད་གལ་ཆེན་ཞིག་ཡིན་པ་རེད། ཟླ9པའི་ཚེས27ཉིན། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ཨུའི་ཚོགས་འདུ་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང《ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག》ཅེས་པ་གྲོས་ཞིབ་བྱས་ནས་ཆོག་མཆན་ཐོབ་ལ། ཀན་ལྷོ་ཁུལ་དམངས་ཆེན་གྱིས་ཁྱབ་བསྒྲགས་ལག་བསྟར་བྱ་རྒྱུ་རེད།།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག