མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་གྱིས་ཁྲིམས་བཙུགས་ནས་ཀྲུང་ཧྭའི་ཆུ་གཏེར་ཏེ་ཀན་ལྷོ་མཐོ་སྒང་གི་གཤེར་སར་སྲུང་སྐྱོབ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-05 11:36

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དེ་རྨ་ཆུ་དང་འབྲི་ཆུའི་ཆུ་རྒྱུད་ཆེན་པོ་གཉིས་ཀྱི་སྟོད་རྒྱུད་དུ་ཆགས་ཡོད་པ་དང་། ས་ཁོངས་ཁྲོད་ཀྱི་རྨ་ཆུའི་གཤེར་ས་དཀྱིལ་སྙིང་ཡིན་པའི་ཀན་ལྷོའི་མཐོ་སྒང་གཤེར་སར་སའི་གོ་ལའི་གློ་མཆིན་དང་ཀྲུང་ཧྭའི་ཆུ་གཏེར་ཞེས་འབོད་ཀྱིན་ཡོད་ལ། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་སྒྲིབ་གཙོ་བོ་ཞིག་ཀྱང་རེད། སྤྱི་ཟླ9བའི་ཚེས27ཉིན། ཀན་སུའུ་ཞིང་ཆེན་སྐབས་བཅུ་གཉིས་བའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྲོལ་ཡིག་ལ་གྲོས་བསྡུར་བྱས་ནས་ཆོག་མཆན་བཀོད་པ་དང་། ཀན་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱེད་རྒྱུ་རེད།

ཀན་ལྷོ་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པས་མཚམས་སྦྱོར་བྱས་པ་ལྟར་ན། ཀན་ལྷོ་མཐོ་སྒང་གི་གཤེར་སས་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་མ་ལག་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་ན་ཡང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས། ས་འོག་གི་ཆུ་ཇེ་ཉུང་དུ་སོང་བ་དང་། གཤེར་སའི་རྒྱ་ཁྱོན་ཇེ་ཆུང་དང་སྐྱེ་དངོས་ཀྱི་རིགས་སྣ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན་པ་དང་། རང་བྱུང་གནོད་འཚེ་བྱུང་ཚད་ཇེ་མང་དུ་སོང་ནས། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དང་དཀྱིལ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འཇིགས་ཉེན་བཟོས་ཡོད། དེར་བརྟེན། སྲོལ་ཡིག་ཕྱིར་བཏོན་པ་དེས། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འགོག་སྒྲིབ་འཛུགས་སྐྲུན་ལ་ཤུགས་ཡོད་ཀྱི་བཅའ་ཁྲིམས་འགན་སྲུང་འདོན་སྤྲོད་བྱེད་ངེས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག