མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱ་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-27 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་མི་རིགས་ས་ཁུལ་གྱི་འདྲི་གཅོད་ལག་བསྟར་བྱ་བར་ལེགས་པོར་བསྒྲུབ་ཆེད། མི་རིགས་ཁྲིམས་དཔོན་གྱི་གསོ་སྦྱོང་རྟེན་གཞི་བཙུགས་ནས། གཙོ་བོ་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱ་རྒྱུ་རེད།

རྒྱུས་ལོན་བྱས་པ་ལྟར་ན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་ཀན་ལྷོའི་ཡན་ལག་སློབ་གླིང་དུ་གཙོ་བོ་ལས་ཐོག་ཏུ་ཡོད་པའི་ཁྲིམས་དཔོན་དང་རམ་འདེགས་པ་རྣམས་ལ་བོད་དང་། ཡུ་གུར། སོག་པོ་སོགས་མི་རིགས་ཀྱི་སྐད་དང་ཡི་གེའི་སྐད་གཉིས་སློབ་གསོའི་གསོ་སྦྱོང་བྱ་བ་བསྒྲུབ་པ་དང་། དེ་དང་མཉམ་དུ་ཀན་ལྷོ་ཁུལ་ཁྲིམས་དཔོན་དཔུང་སྡེའི་སློབ་གསོ་གསོ་སྦྱོང་དང་ཞིང་ཆེན་ནང་ཁུལ་གྱི་མི་རིགས་གཞན་པའི་ཁྲིམས་དཔོན་གྱི་ལས་འགན་འཁུར་བ་དང་གོ་གནས་སྤར་བའི་ཐོབ་ཐང་གི་གསོ་སྦྱོང་། འདྲི་གཅོད་ལག་བསྟར་ལས་སྒོའི་གསོ་སྦྱོང་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་རེད། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག