མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་བོད་ཀྱི་ཐང་ག་སྟོང་ཕྲག་ཅིག་ཀན་སུའུ་མི་རིགས་སློབ་གླིང་དུ་བཀྲམ་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-17 10:54


ཀན་ལྷོའི་བོད་ཀྱི་ཐང་ག་སྟོང་ཕྲག་ཅིག་ཀན་སུའུ་མི་རིགས་སློབ་གླིང་དུ་བཀྲམ་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། 《ཀན་ལྷོའི་བོད་ཀྱི་ཐང་ག་སྟོང་ཕྲག》ཅིག་ཀན་སུའུ་མི་རིགས་སློབ་གླིང་དུ་བཀྲམ་པ་རེད།

 རྒྱུས་ལོན་པ་ལྟར་ན་ཐེངས་འདིར་འགྲེམ་སྟོན་བྱས་པའི་ཐང་ག་ནི2010ལོ་ནས་བཟུང་མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་སོགས་ནས་ཡོང་བའི་ལྷ་རིས་པ200ལྷག་གིས་བྲིས་པ་ཡིན་ཞིང་། ཐེངས་འདིའི་ཐང་གའི་འགྲེམ་སྟོན་ནི་རིམ་པ་དང་པོའི་འཆར་གཞི་ཡིན་པ་དང་། རིམ་པ་གཉིས་པའི་འཆར་གཞི་ལྟར་ན་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་དང་མཉམ་འབྲེལ་བྱས་ནས《བོད་ཀྱི་ཐང་ག་སྟོང་ཕྲག》གི་མཆོག་གྱུར་པར་དེབ་པར་བསྐྲུན་བྱེད་རྒྱུ་ཡིན་པར་མ་ཟད། ཐང་ག་རེ་རེ་བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་གྱི་ལམ་ནས་མཆན་འདེབས་རྒྱུ་རེད།

རིམ་པ་གསུམ་པར་ཐང་ག་སྟོང་ཕྲག་དེ་རྨང་གཞི་རུ་བྱས་ནས། ཐང་ག་དེ་དག་རྣམ་པ་གསར་པའི་གྲངས་འཛིན་སྨྱན་བྱད་ཐོན་རྫས་སུ་བསྐྲུན་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱང་སྒྲོག་དང་། བརྙན་འཕྲིན། དྲ་རྒྱ། ལག་འཁྱེར་ཁ་པར་སོགས་ཀྱི་སྟེང་ནས་དེར་ལྟ་ཞིབ་བྱེད་ཐུབ་པ་རེད། སྔོན་དཔག་བྱས་པ་ལྟར་ན2014ལོའི་ཟླ12པར་ལེགས་འགྲུབ་འབྱུང་རྒྱུ་རེད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག