མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་གཟབ་རྒྱས་ངང་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-09-02 11:01

asdfasdf

ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་གཟབ་རྒྱས་ངང་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས30ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཁོར་ཡུག་ཀུན་ཏུ་མེ་ཏོག་རྣམ་པར་བཀྲ་ཞིང་སྤྲོ་དགའི་དཔལ་གྱིས་ཡོངས་སུ་བརྟས་འདུག་ལ། ཉིན་འདིར་ཀན་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ལྷན་ཅིག་ཏུ་འཛོམས་ཤིང་ལུས་ལ་གཟབ་མཆོར་སྤྲས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་ལ་རོལ།

    དགའ་སྟོན་སྟེང་རིམ་པ་སོ་སོའི་མགོ་ཁྲིད་རྣམས་ཀྱིས་ཀན་ལྷོའི་ལོ་ངོ་དྲུག་ཅུའི་གྲུབ་འབྲས་འགྲེམ་སྟོན་དང་། བོད་ཀྱི་ཐང་ག་སྟོང་ཕྲག གཟུགས་འདས་ཤུལ་བཞག་རིག་གནས་སོགས་ལ་གཟིགས་ཞིབ་བྱས་པ་དང་། དེའི་རྗེས་དགའ་སྟོན་ཚོགས་འདུ་དང«སྤྲོ་སྐྱིད་ཀྱི་རྩྭ་ཐང»ཞེས་པའི་མང་ཚོགས་རིག་རྩལ་འཁྲབ་སྟོན་ཆེན་མོ་བསྡུས་ནས་ལོ་ངོ60རིང་ཀན་ལྷོའི་སྲིད་འབྱོར་རིག་གསུམ་ཐད་བླངས་པའི་གྲུབ་འབྲས་ཚར་དུ་དངར་བ་ལ་རོལ་མྱོང་དང་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྙེག་བརྗོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག