མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་བོད་རིགས་བུད་མེད་ཁེ་ལས་པས་དྲ་བར་བརྟེན་ནས་ཚོང་ལམ་རྒྱ་ཇེ་ཆེར་བཏང་བ།

  ཡོང་ཁུངས། ཀྲུང་གོའི་ཀན་ལྷོའི་དྲ་བ།  2013-09-01 10:30

ཁེ་ལས་པ་སྐལ་བཟང་སྐྱིད་ཀྱིས་དྲ་ཐོག་ཏུ་ཕྱིར་འཚོང་བྱས་པའི་གནས་ཚུལ་ལ་ལྟ་བཞིན་པ། 

ཀན་ལྷོ་ཕུན་ཚོགས་མི་རིགས་ཐོན་རྫས་འདོན་སྤེལ་ཚད་ཡོད་ཀུང་སིས་མི་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་བཞིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕུན་ཚོགས་མི་རིགས་ཐོན་རྫས་འདོན་སྤེལ་ཚད་ཡོད་ཀུང་སིས་དྲ་བའི་སྟེང་ཀུང་སི་དེས་ཐོན་སྐྱེད་བྱས་པའི་མི་རིགས་ཀྱི་ཐོན་རྫས་ཕྱིར་འཚོང་བྱེད་བཞིན་ཡོད་ཅིང་། ཕུན་ཚོགས་ཀུང་སིའི་སྤྱི་གཉེར་བ་དང་ཀན་ལྷོའི་བོད་རིགས་བུད་མེད་ཁེ་ལས་པ་སྐལ་བཟང་སྐྱིད་ ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཀུང་སི་དེར་མིག་སྔར་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་སོགས་སུ་ཚབ་གཉེར་ཚོང་བ123ཡོད་ལ། ད་ལོའི་ཟླ་ལྔ་པའི་ཚེས8ཉིན་ནས་བཟུང་དྲ་ཐོག་ཏུ་ཚོང་ལས་གཉེར་འགོ་བརྩམས་ཤིང་། ཟླ་གསུམ་གྱི་རིང་ལ་ཕྱིར་འཚོང་བྱས་པའི་བསྡོམས་འབོར་སྒོར་ཁྲི780ཟིན་པའི་ཁྲོད། དྲ་ཐོག་ནས་ཕྱིར་འཚོང་བྱས་ཚད་སྒོར་ཁྲི380ལ་བསླེབས་ཡོད།

    ཁེ་ལས་པ་སྐལ་བཟང་སྐྱིད་ཀྱིས་ཟླ་གསུམ་གྱི་རིང་ལ་དྲ་ཐོག་ཏུ་ཚོང་ལས་གཉེར་བའི་ཉམས་མྱོང་རྨང་གཞི་བྱས་ཐོག དྲ་ཐོག་ཚོང་གཉེར་གྱི་ཤུགས་ཚད་ཆེ་རུ་བཏང་སྟེ་ལོ་མཇུག་བར་དྲ་ཐོག་ཚོང་གཉེར་གྱི་གྲངས་ཚད་དེ་སྲོལ་རྒྱུན་གྱི་ཚོང་གཉེར་ལ་བརྟེན་ནས་བྱུང་བའི་གྲངས་ཚད་ལས་བརྒལ་བར་ཧུར་ཐག་བྱེད་ཀྱིན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག