མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-08-25 11:54


《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》པར་བསྐྲུན་འགྲེམ་སྤེལ་བྱས་པ།

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉེ་ལམ། གཞོན་སྐྱེས་རྩོམ་པ་པོ་སྙན་བཟང་པདྨ་རིན་ཆེན་གྱིས་སྒྲིག་རྩོམ་བྱས་པའི《དམའ་འབྲིང་བསམ་བློ་ཀུན་སྤྱོད་གཙོ་གནད་ཕྱོགས་བསྒྲིགས》ཅེས་པའི་དེབ་གསར་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམ་སྤེལ་བྱས།

    དཔེ་དེབ་འདི་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གཙོ་བྱས་པའི་བོད་ཁུལ་གྱི་སློབ་གྲྭ་འགའ་ཞིག་ན་བེད་སྤྱོད་བྱེད་བཞིན་པའི་སྒང་ཡིན་ལ། རྒྱ་ཆེའི་དགེ་སློབ་མང་པོ་ཞིག་གིས་དགའ་བསུ་ཐོབ་བཞིན་ཡོད་པས།མི་འགྱངས་པར་པར་ཐེངས་གཉིས་པ་དཔར་དུ་འདེབས་རྒྱུའི་གྲ་སྒྲིག་ཡོད་པ་རེད།

    དཔེ་དེབ་འདིའི་ནང་དུ་དམའ་འབྲིང་ལོ་རིམ་དང་པོའི་སྟོད་ཆ་ནས་དམའ་འབྲིང་ལོ་རིམ་གསུམ་པའི་དེབ་ཆ་ཚང་གི་བར་དུ་བསླབ་དེབ་རེ་རེའི་ཁྲོད་ཀྱི་གཙོ་གནད་ཟིན་ཡོད་པར་སྙམ་པ་དག་བོད་ཁུལ་སློབ་གྲྭ་མང་པོ་ཞིག་གི་དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་དགེ་རྒན་ཉམས་མྱོང་ཅན་འགའ་ཞིག་ལ་ཁ་པར་དང་དྲ་རྒྱ་སོགས་གང་རུང་གི་རྣམ་པའི་ལམ་ནས་འབྲེལ་གཏུག་བྱས་ཏེ་བློ་འདྲི་གནང་པ་ལ་བརྟེན་ནས་ཕྱོགས་གཅིག་ཏུ་བསྒྲིགས་ཡོད་པར་མ་ཟད། ད་དུང་བོད་ཀྱི་མཁས་དབང་དག་གི་བསླབ་བྱ་དང་། དམངས་ཁྲོད་གཏམ་དཔེ། དམངས་ཁྲོད་གླུ་ཚིག་ཁ་ཤས་ཀྱིས་འབྲེལ་ཡོད་ནང་དོན་ལ་ཟུར་བརྒྱན་ཡོད་ལ། སློབ་ཚན་རེ་རེའི་ཁྲོད་ཀྱི་གཙོ་གནད་དག་གོ་རིམ་མ་འཁྲུལ་བའི་སྒོ་ནས་མགོར་ཨང་རྟགས་བཀོད་དེ་སྒྲིག་ཡོད་པས་ན ། དམའ་གཅིག་དང་དམའ་གཉིས་མ་ཟད་པའི་དམའ་གསུམ་གྱི་སློབ་བུ་དག་གི་ངོས་ཐད་ནས་བཤད་ནའང་འབྲིང་རྒྱུགས་ལ་ལྟ་གོན་བྱེད་པར་ཧ་ཅང་སྟབས་བདེ་བའི་ཁྱད་ཆོས་ལྡན་ཡོད་པ་ཡིན །  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག