མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀྲུང་གོ་ནུབ་རྒྱུད་ཀྱི་ན་ཏ་མུའུ་དུས་ཆེན་དེ་ཀན་སུའུ་ཞིང་ཆེན་སུའུ་པེ་སོག་རིགས་རང་སྐྱོང་རྫོང་དུ་ཚོགས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-08-07 10:50

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཀྲུང་གོ་ནུབ་རྒྱུད་ཀྱི་ན་ཏ་མུའུ་དུས་ཆེན་དེ་ཚེས་བཞི་ཉིན་ཀན་སུའུ་ཞིང་ཆེན་སུའུ་པེ་སོག་རིགས་རང་སྐྱོང་རྫོང་དུ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དབང་མོ་ཡིས་ཚོགས་པ་ཁྲིད་ནས་ན་ཏ་མུའུ་དུས་ཆེན་ལ་ཞུགས།

སྐབས་འདིའི་ན་ཏ་མུའུ་ཚོགས་ཆེན་སྟེང་སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར་དང་སོག་རིགས་ཀྱི་རྒྱན་གོས་ངོམས་པ། དཔལ་འབྱོར་ཚོང་གཏམ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཀན་སུའུ་དང་ནང་སོག མཚོ་སྔོན། ཞིན་ཅང་། ལེའོ་ཉིན། ཅི་ལིན། ཧེ་ལུང་ཅང་། ཟི་ཁྲོན་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་སོག་རིགས་ཀྱི་འཐུས་མི་དང་རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ། དེ་མིན་ས་གནས་མང་ཚོགས་བཅས་མཉམ་དུ་འཛོམས་ནས་སོག་རིགས་ཀྱི་དུས་ཆེན་རོལ། མཚོ་སྔོན་ལུས་རྩལ་འཐུས་ཚབ་རུ་ཁག་འགྲན་སྡུར་གྱི་ལས་གཞི་ཚང་མར་ཞུགས་པར་མ་ཟད། རྟ་རྒྱུགས་འགྲན་སྡུར་སྟེང་དུ་མཚོ་སྔོན་འཐུས་ཚབ་རུ་ཁག་གིས་མུས་སྟོང་ལྔའི་གོམ་རྒྱུགས་ཀྱི་བྱ་དགའ་ཨང་དང་པོ་བླངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག