མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་གྱི་སྨན་བཅོས་སྡེ་ཁག་ཏུ་བོད་སྨན་ཚན་ཁག་ཐོག་མ་བཙུགས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2013-06-28 09:47

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ6པའི་ཚེས25ཉིན།  ཀན་སུའུ་ཞིང་ཆེན་མི་དམངས་སྨན་ཁང་གཉིས་པས་བོད་སྨན་ཚན་ཁག་ཐོག་མ་བཙུགས་པ་དང་།  བོད་སྨན་ཕྱོགས་ཀྱི་ཆེད་མཁས་སྨན་པའི་སྒོ་བསྟེན་ཁང་བཀོད་སྒྲིག་བྱས་ཏེ།  ཀན་ལྷོ་ཁུལ་བོད་སྨན་ཁང་གི་བོད་སྨན་དག་སྨན་ཁང་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།

 བོད་ཀྱི་གསོ་རིག་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་ཞིང་།  རིགས་གཞུང་ཆ་ཚང་ཡིན་པ་དང་ནད་ཐོག་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་སྲོལ་རྒྱུན་སྨན་གཞུང་ཞིག་ཡིན།  མཐོ་སྒང་ས་ཁུལ་དུ་འཚོ་སྡོད་བྱས་ཡོད་པའི་བོད་རིགས་མང་ཚོགས་ཀྱིས་ས་དེའི་བོད་སྨན་བསྡུ་ལེན་བྱས་ཏེ་ནད་གཞི་གསོ་བཅོས་བྱེད་བཞིན་ཡོད་པ་དང་།  ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ཀླད་པའི་ཁྲག་རྩའི་ནད་དང་ཕོ་རྒྱུའི་ན་ཚ།  བུད་མེད་ཚན་ཁག་གི་ནད་རིགས་སྣ་ཚོགས་སོགས་གསོ་བཅོས་བྱེད་པའི་སྨན་མཆོག་གསོག་འཇོག་བྱས་ཡོད།   །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག