མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་དར་རྒྱས་གོང་འཕེལ་འགྲོ་བཞིན་པ།

རྩོམ་པ་པོ། རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2013-06-05 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ཁར་སོང་ཚེ། རྒྱ་བོད་སྨན་རྩྭ་དང་ནས་ཀྱི་གཞི་སར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་ཡོད།

ཉེ་བའི་ལོ་འགའི་རིང་ལ། ཀན་ལྷོ་ཁུལ་གྱིས་ཡུལ་བབ་དང་བསྟུན་ཞིང་། ཞིང་ལས་ལོ་ཏོག་བཟང་བོ་དེ་ས་ཁོངས་བཟང་བོ་ནས་གཅིག་བསྡུས་ཀྱིས་འདེབས་པའི་རྩ་དོན་གཞིར་བཟུང་ནས། གཙོ་བོར་ནས་དང་རྒྱ་བོད་སྨན་རྩྭ། རྒྱུད་འདྲེས་ལ་ཏ། མཐོ་སྒང་གི་ཚོད་མ་བཅས་རིགས་བཞིའི་ཁྱད་ཆོས་ལྡན་པའི་ཞིང་ལས་ལོ་ཏོག་གོང་འཕེལ་བཏང་སྟེ། ལིན་ཐན་དང་ཅོ་ནེ། འབྲུག་ཆུ་གཙོ་བོར་བྱེད་པའི་རྒྱ་བོད་སྨན་རྫས་དང་རྒྱུད་འདྲེས་ལ་ཏའི་དགེ་མཚན་ལྡན་པའི་ཐོན་ལས་ཁུལ་གཙོ་བོ་དང་། གཙོས་དང་བསང་ཆུ། ཀླུ་ཆུ་གཙོ་བོར་བྱེད་པའི་སྲོལ་རྒྱུན་གྱི་ནས་ཐོན་ལས་ཁུལ་གཙོ་བོ། འབྲུག་ཆུ་དང་ཐེ་བོ་གཙོ་བོར་བྱེད་པའི་དཔལ་འབྱོར་ནགས་སིལ་ཁུལ་གཙོ་བོ། གཙང་བོ་གཅིག་དང་ཆུ་བོ་གཉིས་འབབ་རྒྱུན་གཙོ་བོའི་སྒྲིག་བཀོད་ཚོད་མའི་ཐོན་སྐྱེད་བྱེད་གནས་བཅས་ཆགས་པ་རེད། དུས་མཚུངས་སུ། རང་ཁུལ་གྱིས་ཤུགས་ཆེན་པོས་མ་རྨོས་ལོ་ཏོག་ལ་ཆུ་ཤོག་བཀབ་པའི་ཞིང་སྟར་གཉིས་གཤིབ་ཀྱི་ཤུར་དུ་འདེབས་པ་དང་། ཞིང་སའི་ཚད་ལེན་རྫས་སྦྱོར་ལུད་རྒྱག་ལག་རྩལ་ཁྱབ་གདལ་དུ་བཏང་ནས། ཁུལ་ཡོངས་ཀྱི་ཆུ་ཤོག་བཀབ་པའི་རྒྱ་ཁྱོན་ས་མུའུ་འབུམ་གཅིག་སྟོང་བརྒྱད་ལ་བསླེབས་པ་དང་། ཧུར་བརྩོན་གྱིས་ཚད་ལྡན་ཅན་གྱི་མིག་དཔེ་གསར་སྐྲུན་བྱས་ཤིང་། ཕྱོགས་ཡོངས་ནས་ཞིང་ལས་ཚན་རྩལ་གྱི་ཚོད་ལྟའི་ཞིབ་འཇུག་དང་ ཀོལ་སྤྱོད་སྤེལ་ཏེ། སྔ་གཞུག་ཏུ་ཀན་ཆིན་རྟགས་ཅན་བཞི་བ་དང་ལྔ་བ། ཀན་ཧོང་རྟགས་ཅན་དང་པོ་དང་གཉིས་པའི་ནས་ས་སོན་གསར་བ་དང་ཀན་ལྷོའི་རྟགས་ཅན་ལྔ་བའི་ལ་ཏའི་ས་སོན་གསར་བ་བདམས་གསོ་བྱས་ནས། རིམ་བཞིན་ཁྱབ་གདལ་དུ་བཏང་བ་རེད། ན་ནིང་། རང་ཁུལ་གྱིས་སོན་བཟང་ཁྱབ་གདལ་དུ་གཏོང་བ་ནང་དོན་གཙོ་བོར་བྱས་ཤིང་། བཙུགས་ཟིན་པའི་ནས་ཀྱི་གཞི་ས་ས་མུའུ་འབུམ་གཅིག་སྟོང་ལྔ་སྲ་བརྟན་ཏུ་བཏང་བ་ དང་། རྒྱུད་འདྲེས་ལ་ཏ་ས་མུའུ་ཁྲི་བདུན་སྟོང་ལྔ་ཁྱབ་གདལ་དུ་བཏང་། རྒྱ་བོད་སྨན་རྩྭ་ས་མུའུ་འབུམ་གཅིག་ཁྲི་བདུན་སྟོང་ལྔ་དྲུག་བརྒྱ་བཏབ་པ། ཁུལ་ཡོངས་ཀྱིས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་ལྔ་ཁྲི་བདུན་བཏང་ནས། ཚོད་མའི་དྲོད་ཁང་སུམ་བརྒྱ་རེ་གཅིག་གསར་སྣོན་བྱས། ཁུལ་ཡོངས་ཀྱིས་སྒྲིག་བཀོད་ཚོད་མའི་ཐོན་སྐྱེད་ཚན་རྩལ་དཔེ་སྟོན་ཁུལ་དགུ་བཙུགས་པར། དཔེ་སྟོན་ཁུལ་གྱི་རྒྱ་ཁྱོན་ས་མུའུ་བཞི་བརྒྱ་ར་ལྔ་བཅུ་ལྷག་ལ་ བསླེབས། དུས་མཚུངས་སུ། འབྲུག་ཆུའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ཞིང་ལས་དམངས་ཕྱུག་ཡོང་འཕར་ལས་གཞི་ཕྱོགས་ཡོངས་ནས་ལས་འགོ་བརྩམས་ཤིང་། མ་དངུལ་སྒོར་ས་ཡ་གསུམ་འབུམ་བཞི་བཏང་ནས། རྒྱུད་འདྲེས་ལ་ཏའི་སོན་བཟང་སྤྱི་རྒྱ་དགུ་སྟོང་ལྔ་བརྒྱ་བཀྲམ་པ་དང་། དགུན་འདེབས་ལ་ཏ་ས་མུའུ་ཁྲི་གཉིས་སྟོང་ལྔ་གོང་འཕེལ་བཏང་། མ་དངུལ་སྒོར་ས་ཡ་གསུམ་ཁྲི་གསུམ་སྟོང་བདུན་བཏང་ནས། སྨན་རྫས་ཚད་ལྡན་ཅན་གྱི་ མིག་དཔེ་གཞི་ས་གསུམ་བཙུགས་ཤིང་། སྨན་རྫས་ཀྱི་ས་སོན་གསོ་བའི་དྲོད་ཁང་བཅུ་གཅིག་བསྐྲུན། རྒྱ་བོད་སྨན་རྫས་ས་མུའུ་ཁྲི་གསུམ་སྟོང་གཅིག་བཏབ། མ་དངུལ་སྒོར་འབུམ་བཞི་སྟོང་ལྔ་བཏང་ནས། ཆུ་ཤོག་བཀབ་པའི་ཞིང་སྟར་གཉིས་གཤིབ་ཀྱི་ཤུར་དུ་མ་རྨོས་ལོ་ཏོག་ས་མུའུ་ཁྲི་གཉིས་སྟོང་གཅིག་བཏབ། མ་དངུལ་སྒོར་ས་ཡ་དགུ་འབུམ་དྲུག་ཁྲི་དགུ་སྟོང་ལྔ་ཉིས་བརྒྱ་བཏང་ནས། དུག་མེད་ཞོག་ཁོག་ཐོན་སྐྱེད་ཀྱི་གཞི་ས་ས་མུའུ་ཁྲི་གཅིག་སྟོང་དགུ་སུམ་བརྒྱ་བཙུགས། ཁྱད་ཆོས་ལྡན་པའི་ཞིང་ལས་ལོ་ཏོག་མུ་མཐུད་དུ་ཇེ་ཆེར་བཏང་བ་དང་བསྟུན་ནས། ནུས་ལྡན་སྒོས་ཁུལ་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་དང་རོང་འབྲོག་པའི་ཡོང་སྒོ་རྒྱུན་མཐུད་ངང་གོང་འཕེལ་འགྲོ་བར་སྐུལ་ཁྲིད་བྱས། ཁུལ་ཡོངས་ཀྱིས་བསྡོམས་པས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་དཔེ་སྟོན་གཞི་ས་སུམ་ཅུ་བཙུགས་ཤིང་། དཔེ་སྟོན་གཞི་ས་སོ་སོས་ས་འདེམས་དང་གཞི་ཁྱོན། ལག་རྩལ་བྱེད་ཐབས། ཁ་གཏད་ཚན་རྩལ་གྱི་ཞབས་ཞུ་སོགས་ཀྱི་བླང་བྱ་ལྟར་ཐོན་འབབ་ཀྱི་དམིགས་ཚད་གྲུབ་ཅིང་། ལག་རྩལ་གྱི་ལམ་ཕྱོགས་འབུར་དུ་བཏོད་པ་དང་། ཡུག་གཅིག་ཏུ་འབྲེལ་བའི་འདེབས་འཛུགས་མངོན་ ནས། དངོས་གནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས། 2002ལོ་ནས་བཟུང་། ཁུལ་ཡོངས་ཀྱིས་བསྡོམས་པས་སྤུས་ལེགས་ནས་ཀྱི་ཐོན་སྐྱེད་གཞི་ས་ས་མུའུ་འབུམ་གསུམ་ཁྲི་ལྔ་བཙུགས་ཤིང་། ནས་ཐོན་སྐྱེད་ཀྱི་རྨང་གཞིའི་ཆ་རྐྱེན་ དང་སོན་བཟང་བཀོལ་སྤྱོད། ལག་རྩལ་ཆུ་ཚད་བཅས་ཚང་མར་གོང་འཕེལ་ཆེན་པོ་བྱུང་བ་དང་། བསྡོམས་པས་ཚོད་མའི་དྲོད་ཁང་བཞི་སྟོང་དགུ་བརྒྱ་སོ་གཅིག་བསྐྲུན་ཅིང་། སྒྲིག་བཀོད་ཚོད་མའི་ཐོན་སྐྱེད་ཀྱི་ཚན་རྩལ་དཔེ་སྟོན་ཁུལ་དགུ་བཙུགས་པར། དཔེ་སྟོན་རྒྱ་ཁྱོན་ས་མུའུ་བཞི་བརྒྱ་ར་ལྔ་བཅུ་ལྷག་ལ་བསླེབས་ཏེ། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཆེན་པོ་བྱུང་ལ།བསྡོམས་པས་ནས་དང་ལ་ཏ། མ་རྨོས་ལོ་ཏོག བཟའ་སྣུམ་གྱི་ཐོན་འབབ་མཐོ་བའི་དཔེ་སྟོན་ས་ཞིང་ས་མུའུ་ཁྲི་དགུ་སྐྲུན་ནས། དཔེ་སྟོན་སྣེ་ཁྲིད་དང་ཆ་སྙོམས་ཐོན་འཕར་གྱི་ཕན་འབྲས་ཐོབ་པ་དང་། བསྡོམས་པས་རོང་འབྲོག་སྡེ་བའི་ཁྱིམ་ཚང་ཁྲི་གསུམ་སྟོང་བཞི་ཆིག་བརྒྱ་ལྔ་བཅུ་ལ་རྫབ་རླངས་རྫིང་བུ་སྐྲུན་ཏེ། ཞིང་ཕྱུགས་ལས་ཀྱི་ནུས་ཁུངས་གྲོན་ཆུང་གི་སྐྱེ་ཁམས་ཕན་འབྲས་འདོན་སྤེལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག