མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་ཤུགས་ཆེན་པོས་འཐབ་ཇུས་ཆེན་པོ་གསུམ་གྱི་ལས་སྟེགས་སྐྲུན་པ།

རྩོམ་པ་པོ། རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2013-06-05 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་གི་ཡིག་ཆ་ཨང་ལྔ་བ་དང་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་བདུན་པ་མར་བཀྲམ་པ་ནས་བཟུང་། ཀན་ལྷོ་བོད་རིགས་རང་ སྐྱོང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་བྱ་བའི་བཞུགས་མོལ་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་དངོས་འབེབས་བྱས་ཤིང་། ཕྱོགས་ཡོངས་ནས་འཛུགས་ སྐྲུན་སོ་སོར་ཤུགས་བསྣན་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་གོམ་སྟབས་ཇེ་མགྱོགས་སུ་བཏང་།

2020ལོར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་ཆེད། རང་ཁུལ་གྱིས་ཤུགས་ཆེན་པོས་ སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་ཀྱི་རྣམ་པ་བསྒྱུར་བ། དབུལ་སྐྱོར་མཁྲེགས་གཏོར་བཅས་འཐབ་ཇུས་ཆེན་པོ་གསུམ་གྱི་ལས་སྟེགས་སྐྲུན་རྒྱུ། སྐྱེ་ཁམས་འཛུགས་སྐྲུན་གྱི་འཐབ་ཇུས་ལས་སྟེགས་སྐྲུན་པའི་ཐད་ནས། རང་ཁུལ་གྱིས་ཤུགས་ཆེན་པོས་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ལེགས་བཅོས་ཀྱི་འཕེལ་རྒྱས་ལམ་བུ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་དཔེ་སྟོན་བཟོ་སྐྲུན་གྱི་ཚོད་ལྟ་བྱེད་སའི་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་འགོ་བརྩམ་རྒྱུ་དང་། ཕྱོགས་ཡོངས་ནས་ཀན་ལྷོའི་རྨ་ཆུའི་འབབ་ཁུངས་གཙོ་བོའི་སྐྱེ་ཁམས་ཕན་ནུས་ཁ་གསབ་བྱེད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་འཆར་འགོད་ཀྱི་ལག་བསྟར་ཇེ་མགྱོགས་སུ་གཏོང་རྒྱུ། ཀན་སུའུ་འབྲི་ཆུ་འབབ་རྒྱུད་ཀྱི་གཙང་བོ་གཉིས་དང་ཆུ་བོ་གཅིག་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བདག་སྐྱོང་འཛུགས་སྐྲུན་གྱི་འཆར་འགོད་དང་། ཀན་ལྷོའི་བྱེ་འགྱུར་རྩྭ་ཐང་གི་ཕྱོགས་བསྡུས་བདག་སྐྱོང་། རྨ་ཁུག་དང་བོའི་རླན་སའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ། ཧོར་གཙང་ཤིང་སྒོ་ནས་ལྷ་མོ་བར་གྱི་ལྗང་འགྱུར་སྐྱེ་ཁམས་ཁྱམས་རིང་སོགས་ལས་གཞིའི་འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུ། ཕྱུགས་བསྐྱུར་རྩྭ་འདེབས་དང་རྨོ་བསྐྱུར་ནགས་སྐྱོང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་སྐྱེ་ཁམས་ལས་གཞི་ལག་བསྟར་བཟང་བོར་བྱེད་རྒྱུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ བའི་རོང་འབྲོག་སྡེ་བའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་ཀྱི་ལས་གཞི་དང་ཐོན་ལས་ལས་གཞི་སྐོར་ཞིག་གི་ལག་བསྟར་ཇེ་མགྱོགས་སུ་གཏོང་རྒྱུ། དུས་མཚུངས་སུ་ཤུགས་ཆེན་པོས་ཐོན་ལས་ཀྱི་རྣམ་པ་བསྒྱུར་བའི་འཐབ་ཇུས་ལས་སྟེགས་བསྐྲུན་པའི་ཐད་ནས། ཕྱོགས་ཡོངས་ནས་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དེ་སྐྱེ་ཁམས་དཔལ་འབྱོར་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་པའི་རིམ་པ་འཕར་བར་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱེད་རྒྱུ། ཤུགས་ཆེན་པོས་སྐྱེ་ཁམས་བཟོ་ལས་དང་སྐྱེ་ཁམས་ཞིང་ལས། སྐྱེ་ཁམས་ཡུལ་སྐོར་རིག་གནས་ཐོན་ལས། ཁོར་ཡུག་སྲུང་སྐྱོབ་རྣམ་པའི་ཐོན་ལས་གསུམ་པ་གོང་འཕེལ་གཏོང་རྒྱུ། ཐོན་ཁུངས་གྲོན་ཆུང་གི་རྣམ་པ་དང་ཁོར་ཡུག་འཆམ་མཐུན་གྱི་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུ། ཧུར་བརྩོན་གྱིས་ལན་ཀྲོའུ་ཁུལ་གསར་གྱི་ཤུགས་ཆེན་པོས་དབུལ་སྐྱོར་མཁྲེགས་གཏོར་གྱི་འཐབ་ཇུས་ལས་སྟེགས་སྐྲུན་པ་དང་། ལོ་བཅུའི་དབུལ་སྐྱོར་མཁྲེགས་གཏོར་དང་ཡུག་གཅིག་འབྲེལ་བའི་དབུལ་སྐྱོར་གསར་སྤེལ་ལག་བསྟར་ཀྱི་གོ་སྐབས་བཟང་བོ་དམ་པོར་དམིགས་ནས། སྡེ་བ་ཡོངས་སྐུལ་འདེད་གཏོང་བའི་ཡུག་གཅིག་འབྲེལ་བའི་གསར་སྤེལ་དང་རྨང་གཞིའི་ སྒྲིག་བཀོད། ཐོན་ལས་གོང་འཕེལ། གཞན་ཡུལ་གནས་སྤོ། ངལ་ལས་གནས་སྤོས། སྐྱེ་ཁམས་དབུལ་སྐྱོར། ཚན་རྩལ་རིག་སྟོབས། ཕན་ཚུན་རོགས་རམ་གྱི་མ་དངུལ་ཡོངས་སུ་ཁེབས་པ་དང་སྤྱི་ཚོགས་རོགས་སྐྱོར་བཅས་དབུལ་སྐྱོར་བཟོ་སྐྲུན་ཆེན་པོ་དགུ་ལག་བསྟར་བཟང་བོར་བྱེད་ཅིང་། དབུལ་སྐྱོར་མཁྲེགས་གཏོར་དེ་ལས་སྟེགས་ཤིག་ཏུ་བརྩིས་ཏེ། ཕྱོགས་ཡོངས་ནས་རོང་འབྲོག་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་དང་རྨང་གཞིའི་ཆ་རྐྱེན་སོ་སོ་ལེགས་བཅོས་སུ་བཏང་ནས།ལོ་ལྔའི་སྤྱི་ཡོངས་དབུལ་བྲལ་གྱི་འབད་བརྩོན་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག