མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་སྐབས་དང་པོའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བགྲོ་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2013-05-02 10:16


ཀན་ལྷོ་ཁུལ་རྨ་ཆུ་རྫོང་ནས་སྐབས་དང་པོའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བགྲོ་ཚོགས་བསྡུས་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ4བའི་ཚེས25ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནས་སྐབས་དང་པོའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་བགྲོ་གླེང་ཚོགས་འདུ་ཞིག་བསྡུས་ཤིང་། ཐེངས་འདིར་ཕྱོགས་སོ་སོ་ནས་ཕེབས་པའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དགུའི་ཚབ་བྱེད་མི་སྣ18ཚོགས་ཐོག་ཏུ་ཞུགས།


ཚོགས་ཞུགས་པ་རྣམས།

ཚོགས་འདུ་འདིའི་གླེང་གཞི་གཙོ་བོ་ནི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར་ཡིན་ཞིང་། ཚོགས་ཐོག་ཏུ་ས་གནས་ཀྱི་ཁོར་ཡུག་གདན་དོན་དང་དེ་དག་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་སྐོར་མང་པོ་བགྲོ་གླེང་བྱས་པ་མ་ཟད། ཚོགས་ཞུགས་པ་རྣམས་ཀྱིས་རྗེས་ཕྱོགས་ད་དུང་མུ་མཐུད་དུ་ལོ་རེར་ཆེད་མཁས་མི་སྣ་གདན་འདྲེན་སྒོས་ཁོར་ཡུག་སྲུང་སྐྱོབ་དང་མི་གཤིས་ཀུན་སྤྱོད་སྐོར་གྱི་བགྲོ་གླེང་ཚོགས་འདུ་ལོ་རེར་ཐེངས་རེ་བསྡུ་བའི་འཆར་གཞི་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག