མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་ད་ལོའི་དཔྱིད་ཀར་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་བྱིས་གཉོར་ཁང་གི་འཚོ་བཅུད་ལེགས་བསྒྱུར་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-23 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས18ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀན་ལྷོ་ཁུལ་གྱིས་ད་ལོའི་དཔྱིད་དུས་ཀྱི་སློབ་སྐབས་ནས་བཟུང་། སློབ་སྔོན་སློབ་གསོའི་དུས་རིམ་གྱི་བྱིས་པ་དག་འཚོ་བཅུད་ལེགས་བསྒྱུར་གྱི་འཆར་གཞིའི་འགན་སྲུང་ཁྱབ་ཁོངས་ནང་འཇོག་རྒྱུའི་ཐག་བཅད།

ཤེས་གསལ་ལྟར་ན། ཀན་ལྷོ་ཁུལ་གྱིས་ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་ཟ་མ་ལས་བྱེད་ཀྱི་ཆ་རྐྱེན་ཚང་བའི་གཞུང་སྒྲུབ་དང་དམངས་སྒྲུབ་བྱིས་གཉོར་ཁང་དང་སློབ་ཆུང་དུ་བཙུགས་ཡོད་པའི་སློབ་སྔོན་འཛིན་གྲྭའི་བྱིས་པར། 2013ལོའི་དཔྱིད་ཀའི་སློབ་སྐབས་མགོ་ཚུགས་པ་ནས་བཟུང་བྱིས་པ་རེར་ཉིན་རེར་སྒོར་གསུམ་གྱི་འཚོ་བཅུད་ལེགས་བསྒྱུར་གྱི་ཁ་གསབ་དངུལ་སྟེར་རྒྱུ་ཡིན་པ་མ་ཟད། སློབ་མ་རེར་ཉིན་རེར་ཆ་སྙོམས་ཀྱི་ཟུར་ལྔའི་བཟའ་བཏུང་ལས་བྱེད་ཀྱི་ཡོ་བྱད་ཉོ་བྱེད་དང་ཟ་མར་ལས་སྣོན་བྱེད་པའི་ཁ་གསབ་དངུལ་སྟེར་རྒྱུ་རེད། གནས་སྐབས་སུ་ཟ་མ་ལས་བའི་ཆ་རྐྱེན་མི་འདང་བའི་རོང་འབྲོག་ཁུལ་གྱི་བྱིས་གཉོར་ཁང་དང་སློབ་ཆུང་དུ་བཙུགས་ཡོད་པའི་སློབ་སྔོན་འཛིན་གྲྭའི་བྱིས་པར་ད་ལྟ་དངོས་སུ་ཇ་ཁང་ལས་པ་དང་ཇ་མ་གསོ་སྦྱོང་བྱེད་བཞིན་པའི་སྒང་ཡིན་པ་དང་། 2013ལོའི་སྟོན་ཀ་ནས་བཀོལ་སྤྱོད་བྱེད་རྒྱུ་རེད།

ཀན་ལྷོ་ཁུལ་གྱི་ད་ལོར་མ་དངུལ་སྒོར་དུང་ཕྱུར1.18བཏང་ནས། བྱིས་གཉོར་ཁང44གསར་འཛུགས་དང་རྒྱ་བསྐྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག