མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2012-09-25 11:01


མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་པའི་ཀླུ་ཆུ་རྫོང་མཁར། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་གིས“མཁར་གྲོང་གསར་སྐྲུན་དང་ལེགས་བསྒྱུར་གཉིས་ཟུང་འབྲེལ་བྱེད་པ་དང་།  ནུས་ཤུགས་དང་ཁྱད་ཆོས་གཉིས་གཙོ་བོ་འཛིན་པའི”བསམ་ཕྱོགས་ལྟར།  རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལག་བསྟར་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་མཁར་གྲོང་འཛུགས་སྐྲུན་བྱས་པ་བརྒྱུད།  མཁར་གྲོང་གི་རྣམ་པ་ལ་གནམ་ས་བླ་འོག་བརྗེ་བའི་འཕོ་འགྱུར་བྱུང་།  །