མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རིས་ཡུལ་གྱི་བོད་སྐད་ཟབ་སྦྱོང་དང་དམངས་གླུ་རྒྱུན་འཛིན་སྦྱོང་བརྡར་འཛིན་གྲྭ་བསྡུ་བ།

  ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།  2012-07-01 10:37


བོད་ཡིག་གསལ་བྱེད་ཡི་གེ

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། རྒྱུས་ལོན་བྱུང་བ་ལྟར་ན། རྒྱ་ཆེ་ལས་བྱེད་པ་དང་མང་ཚོགས་ཚོས་བོད་ཀྱི་སྐད་ཡིག་སྦྱང་བའི་འདུན་པ་སྐོང་ཆེད་དང་། ཀན་སུའུ་ཞིང་ཆེན་དཔའ་རིས་རིག་གནས་དར་སྤེལ་དང་ཕ་སྐད་རྒྱུན་འཛིན་བྱེད་པར་དམིགས་ནས་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་བོད་སྐད་ཡིག་བྱ་བའི་གཞུང་ལས་ཁང་གིས་སློབ་གསོ་ཅུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ལ་མཉམ་འབྲེལ་སྒོས་ཟླ7པའི་ཚེས15ཉིན་ནས་སྤྱི་ཚོགས་ལ་ཁ་གཏད་དེ་སྐབས་ལྔ་པའི་བོད་སྐད་ཟབ་སྦྱོང་དང་དཔའ་རིས་དམངས་གླུ་རྒྱུན་འཛིན་ཟབ་སྦྱོང་འཛིན་གྲྭ་བསྡུ་རྒྱུ་རེད།

ཐེངས་འདིའི་ཟབ་སྦྱོང་གི་ནང་དོན་ལ་ཀློག་དང་རྒྱུན་སྤྱོད་སྐད་ཆ། དམངས་གླུ་སྦྱོང་བ་སོགས་འདུས་པ་དང་། སློབ་ཁྲིད་ཀྱི་དུས་ཚོད་ནི་སྔ་དྲོའི་ཆུ་ཚོད9:00ནས11:30དང་། ཕྱི་དྲོའི་ཆུ་ཚོད14:30ནས17:00བར་རེད། སྤྲོ་བ་ཡོད་མཁན་ཚོ་ལས་རིགས་སློབ་གསོའི་ལྟེ་བར་མིང་ཐོ་འགོད་པར་ཡོང་རྒྱུ་དང་། མིང་ཐོ་འགོད་ཡུན་ཟླ7པའི་ཚེས10ཉིན་ནས་ཚེས15བར་ཡིན།  །