མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

གླུ་ལེན་གར་རྩེད་ལ་བྱང་བའི་བོད་མི་རིགས།

  ཡོང་ཁུངས། མཚོ་སྔོན་པོའི་དྲ་བ།  2012-06-29 10:29


གྲལ་སྒྲིག་ནས་མགྲོན་པོ་བསུ་བའི་གླུ་གཞས་ལེན་བཞིན་པ།


རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་ཞལ་འབག་གྱོན་པའི་འཆམ་འཁྲབ་བཞིན་པ།

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས20ཉིན། བོད་མི་བོད་རིགས་དམངས་སྲོལ་རིག་གནས་གྲོས་ཞིབ་ཚོགས་འདུ་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུན་རྫོང་དུ་བསྡུས་པ་རེད། བོད་མི་ཡུལ་ཚོ་ནི་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་ཕིན་ཝུའུ་རྫོང་གི་ནུབ་བྱང་ཕྱོགས་སུ་ཡོད་པའི་བོད་རིགས་ཡུལ་ཚོ་བཞིའི་ཡ་གྱལ་ཞིག་ཡིན་ཞིང་། མིག་སྔར་མི་གྲངས་ཁྲི་གཉིས་ལྷག་ཡོད་པ་རེད། ཁོང་ཚོས་རང་ལ་བོད་མི་ཞེས་ནས་འབོད་པ་དང་། ཡང་ངག་རྒྱུན་ལྟར་ན་ཁོང་ཚོ་ནི་བཙན་པོའི་རྒྱལ་རབས་སྐབས་བོད་དམག་དང་ཐང་གི་དམག་དཔུང་གཉིས་དེང་གི་གཟི་ཚ་སྡེ་དགུའི་ཕྱོགས་སུ་འཐབ་ནས་མཐར་བོད་དམག་གཡུལ་ལས་རྒྱལ་བ་དང་། རུ་དམག་དེ་ཕྱིར་མ་ལོག་པར་ཡུལ་དེ་བཟུང་ནས་བསྡད་པས་བོད་དམག་གི་རིགས་རྒྱུད་ཡིན་པ་ངོས་འཛིན་ཆེད་བོད་དམག་ཅེས་ནས་འབོད་པའི་བཤད་སྲོལ་འདུག

ཐེངས་འདིའི་གྲོས་ཞིབ་ཚོགས་འདུའི་སྟེང་རྒྱལ་ཡོངས་ཀྱི་ཡུལ་སོ་སོ་ནས་ཐོན་པའི་དམངས་སྲོལ་རིག་པ་དང་གནས་སྐོར་རིག་པའི་ཆེད་མཁས་པ་རྣམས་ལྷན་ཏུ་འཛོམས་ཏེ་རི་གྲོང་དུ་བོད་མི་བོད་རིགས་དམངས་སྲོལ་རིག་གནས་འཁྲབ་སྟོན་ལ་གཟིགས་པ་དང་མཉམ་དུ། དམངས་སྲོལ་རིག་གནས་གནས་བབ་བགྲོ་གླེང་དང་བོད་མིའི་དམངས་སྲོལ་རིག་གནས་ཀྱི་འཛིན་སྤེལ་ལ་དཔྱད་སྡུར་རྒྱ་ཆེན་པོ་གནང་བ་རེད།  །