མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་མཐར་ཕྱིན་སློབ་མ་སྐོར་ཞིག་གི་ལས་ཞུགས་གནད་དོན་ཐག་བཅད་པ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-06-14 09:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་འབྲེལ་ཡོད་ལས་ཞུགས་སྲིད་ཇུས་ལག་བསྟར་དང་། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་། ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་ལས་ཞུགས་གནོན་ཤུགས་ཇེ་ཡང་དུ་གཏོང་ཆེད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས《ལས་ཞུགས་སྐུལ་འདེད་བཅའ་ཁྲིམས》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏང་བའི་ལས་ཞུགས་སྐུལ་འདེད་བྱ་བའི་བརྡ་ཁྱབ》དང《ཀན་སུའི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལས་ཞུགས་སྐུལ་འདེད་བྱ་བ་སྔར་ལས་ལེགས་པར་སྒྲུབ་པའི་བརྡ་ཁྱབ》བཅས་དང་། རྨ་ཆུ་རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་སྒོ་ནས་རྫོང་དཔོན་གཞུང་སྒྲུབ་ཁང་གིས་ཞིབ་འཇུག་ཐག་གཅོད་ལྟར2011ལོའི་ཁུལ་ཡོངས་ཀྱི་ལས་དོན་ལས་ཁུངས་ཀྱི་སྤྱི་རྒྱུགས་ཁྲོད་ཡིག་ཚད་དུ་མ་ཐོན་པའི་སྐྱེས་ཁུངས་རྨ་ཆུ་ཡིན་པའི་སློབ་མ70ཡི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། གཞན་ཤང་བདུན་དང་ར་བ་ཁུལ་གཅིག གྲོང་གཅིག ཨ་ཅི་ཚོད་ལྟའི་ས་ཚིགས། ཉིན་མ་གྲོང་ཁུལ། མཛོད་དགེ་གྲོང་ཁུལ་བཅས་ཀྱི་དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མ29ཡི་ལས་ཞུགས་གནད་དོན་ཐག་བཅད་པ་མ་ཟད། 2008ལོའི་ཡར་སྔོན་དུ་རྫོང་སྲིད་གཞུང་གིས་གཅིག་གྱུར་གཏན་འཁེལ་བྱས་པའི་ལས་ཁུངས་སོ་སོའི་ཞིབ་དཔྱོད་ཚད་ལོན་ཅན་གྱི་ལྔ་སྐྱོང་སློབ་མ21གི་འཚོ་བའི་ཁ་གསབ་ཀྱང་ཇེ་མཐོར་བཏང་ནས་མིག་མཐོང་ལག་ཟིན་གྱི་དོན་དངོས་སྒྲུབ་པ་བརྒྱུད་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད། །