མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

་ཅོ་ནེ་རྫོང་གི་རིགས་གསུམ་གཞི་གཅིག་གི་དབུལ་སྐྱོར་བྱ་བར་ཕན་འབྲས་ཐོབ་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2012-06-14 09:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་ནས་བཟུང་། ཅོ་ནེ་རྫོང་གིས་མུ་མཐུད་དུ་ཀྲུང་དབྱང་དང་བོད་ཁུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དབུལ་སྐྱོར་ཆེན་པོ་བྱེད་པའི་འདུ་ཤེས་ཡིད་ལ་བཅངས་པ་དང་། སྡེ་བ་ཡོངས་ཡར་སྐུལ་དང་ས་བགོས་གསར་སྤེལ། ཕྱོགས་བསྡུས་བཅོས་སྐྱོང་དང་ཟུང་འབྲེལ་བྱེད་པའི་དབུལ་སྐྱོར་ནང་རྐྱེན་འཛུགས་རྒྱུ་འཚོལ་ཞིབ་བྱས་ཏེ། ཆེད་དོན་དབུལ་སྐྱོར་དང་ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་གྱི་རིགས་གསུམ་གཞི་གཅིག་གི་དབུལ་སྐྱོར་རྣམ་པ་ཐོག་མར་གྲུབ་ཡོད། རྫོང་ཡོངས་ཀྱི་རོང་འབྲོག་དམངས་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ2010ལོའི་སྒོར2423ནས2011ལོའི་སྒོར2805རུ་འཕར་ཅིང་། སྒོར382འཕར་སྣོན་བྱུང་བས་དབུལ་སྐྱོར་བྱ་བར་གྲུབ་འབྲས་བཟང་བོ་བླངས།

རྫོང་འདིའི་དབུལ་སྐྱོར་གསར་སྤེལ་བྱ་བས་མུ་མཐུད་དུ་རོང་འབྲོག་སྡེའི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག རོང་འབྲོག་དམངས་ ཀྱི་ཡོང་སྒོ་འཕར་སྣོན་གཏོང་རྒྱུ་དམིགས་འབེན་བྱས་ཏེ། དབུལ་སྐྱོར་ཆེད་སྤྱོད་མ་དངུལ་སྒོར་ཁྲི3188མཉམ་སྡེབ་བྱས་ནས་ཞང་ཡོངས་ཡར་སྐུལ་གཏོང་བའི་ལས་གཞི་གཅིག་དང་སྡེ་བ་ཡོངས་ཡར་སྐུལ་གཏོང་བའི་ལས་གཞི་དགུ། ས་བགོས་གསར་སྤེལ་ལས་གཞི་གཅིག་བཅས་བཀོད་སྒྲིག་བྱས་ཤིང་། སྡེ་བ་ཡོངས་ཡར་སྐུལ་ གཏོང་བའི་ལས་གཞིའི་ཁྲོད། ཆུ་ལོག་སྔོན་འགོག་གི་ཆུ་རགས་རྨི2130གསར་སྐྲུན་བྱས་པ་དང་གཞུང་ལམ9ཡི་སྤྱི་ལེ 26.5ཕྱེ་འགྱུར་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང62ཀྱི་ཁང་བ་བསྒྱུར་བཀོད་བྱས། མི་ཕྱུགས་འཐུང་ཆུའི་ལས་གྲྭ3གསར་སྐྲུན་བྱས་པ་དང་སྒོ་ཕྱུགས་ཀྱི་དྲོད་ཁང95ཞིག་གསོ་བྱས། རྫབ་རླངས་རྫིང་བུ20གསར་སྐྲུན་བྱས་ལ། རྒྱུད་བཟང་མཛོ་མོ378དང་རྒྱུད་བཟང་བོད་ལུག3180ནང་འདྲེན་བྱས། དབུལ་སྐྱོར་ཕན་ཚུན་རོགས་རེས་ཁང་གཅིག་འཛུགས་སྐྲུན་བྱས། སྲིད་འཛིན་སྡེ་བ9ཡི་སྡེ་བ་ཡོངས་ཡར་སྐུལ་གཏོང་བའི་འཛུགས་སྐྲུན་ལས་གཞི་ཚང་མ་ལེགས་འགྲུབ་བྱུང་ཡོད། ས་བགོས་གསར་སྤེལ་ལས་གཞིའི་ཁྲོད། ཆུ་ལོག་སྔོན་འགོག་གི་ཆུ་རགས་རྨི700གསར་སྐྲུན་བྱས་པ་དང་མི་ཕྱུགས་འཐུང་ཆུའི་ལས་གྲྭ་གཅིག་གསར་སྐྲུན་བྱས། ཉི་འོད་ནུས་པའི་སྔོ་ཚོད་དྲོད་ཁང100གསར་སྐྲུན་བྱས། སྒོ་ཕྱུགས་ཀྱི་དྲོད་ཁང50ཞིག་གསོ་བྱས། རྒྱུད་བཟང་བཞོ་མ300ནང་འདྲེན་བྱས། རྒྱུད་བཟང་རྒྱ་བོད་སྨན་རྫས་མུའུ500འདེབས་འཛུགས་བྱས། སྡེ་བ་ཡོངས་ཡར་སྐུལ་དང་ས་བགོས་གསར་སྤེལ་སོགས་ཀྱི་གནད་སའི་ལས་གཞི་བསྟར་བྱས་པ་བརྒྱུད། དབུལ་ཕོངས་སྡེ་བའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་བྱུང་བ་མ་ཟད། དབུལ་ཕོངས་དང་རྗེས་ལུས་དོར་བའི་རྣམ་པ་སྔར་བས་ཇེ་བཟང་དུ་སོང་ཡོད།  །