མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

འབྲུག་ཆུ་རྫོང་གི་སྔོ་ཚོད་ཐོན་སྐྱེན་དཔེ་སྟོན་རྟེན་གཞི་རྣམ་གྲངས་འཛུགས་སྐྲུན་ལག་བསྟར་བྱས་པ་བདེ་བླག་ཡིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀན་སུའུ་གསར་འགྱུར་དྲ་བ།  2012-06-06 10:45

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  མིག་སྔར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་སྔོ་ཚོད་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་རྣམ་གྲངས་ལས་དྲོད་ཁང350འཛུགས་སྐྲུན་བྱས་ཚར་བ་དང་།  སྤྱིའི་ལས་འགན་གྱི70%ཟིན། 

རྣམ་གྲངས་འདིར་སྤྱིའི་མ་དངུལ་སྒོར་བྱེ་བ1བཏང་ཞིང་།  དེའི་ནང་ཀྲུང་དབྱང་གིས་མ་དངུལ་སྒོར་ཁྲི450དང་།  དངུལ་ཁང་དུ་དངུལ་བུན་ལེན་པ་དང་རང་སྒེར་གྱིས་མ་དངུལ་སྒོར་ཁྲི550ཧྲག་བསྡུ་བྱས་ཏེ།  ཤང་དང་གྲོང་རྡལ10ཡི་སྲིད་འཛིན་སྡེ་བ17དུ་དྲོད་ཁང20དང་།  འགྱིག་ཤོག་གི་དྲོད་ཁང500འཛུགས་སྐྲུན་བྱས། 

རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་ཚད་ཁག་ཐེག་བྱེད་ཆེད།  འབྲུག་ཆུ་རྫོང་ཞིང་ལས་ལག་རྩལ་ས་ཚིགས་ཀྱིས་ཁྲིན་ཀོན་དང་།  ལིས་ཅའེ།  ཧུང་པྰསོགས་ཤང5རུ་ཚན་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས7ལ་སྤེལ།  ཞིང་བའི་ལག་རྩལ་པ500གསོ་སྐྱོང་བྱས་ཤིང་།  ལག་རྩལ་གསོ་སྦྱོང་ཐད་ཀྱི་ཡིག་ཆ5000ལྷག་འགྲེམ་སྟོན་བྱས་པས།  རྣམ་གྲངས་འཛུགས་སྐྲུན་ལ་ལག་རྩལ་གྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས།  །