མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས2012ལོའི་རྫོང་ཡོངས་ཀྱི་མཐོ་རྒྱུགས་སློབ་བསྡུ་བྱ་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-06-04 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མཐོ་རྒྱུགས་བྱ་བའི་ཚོགས་འདུའི་དགོངས་དོན་དང་ལག་བསྟར་དང་རྒྱལ་ཁབ་སློབ་གསོ་མཐོ་རྒྱུགས་གཅིག་གྱུར་བྱ་བ་སྔར་བས་ལག་བསྟར་བྱེད་པ་དང་། རྨ་ཆུ་རྫོང་གི་མཐོ་རྒྱུགས་བདེ་འཇགས་ལོ་ཡི་འཛུགས་སྐྲུན་ལེགས་སྒྲུབ་དང་མཐོ་རྒྱུགས་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱ་ཆེད་དུ། ཟླ5པའི་ཚེས29ཉིན་གྱི་སྔ་དྲོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྲིད་གཞུང་གི་བཞི་ཐོག་ཚོགས་ར་ནས2012ལོའི་རྨ་ཆུ་རྫོང་ཡོངས་ཀྱི་མཐོ་རྒྱུགས་སློབ་བསྡུ་བྱ་བའི་ཚོགས་འདུ་བསྡུས།

རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འཇིགས་ཐར་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་ཡིས། དེ་མིན་ སློབ་བསྡུ་ཨུའི་ཁོངས་གཏོགས་ལས་ཁུངས་ཀྱི་འགན་འཁུར་མི་སྣ་བཅས་ཚོགས་ འདུར་ཞུགས། ཚོགས་ཐོག་ཏུ།སློབ་བསྡུ་ཨུའི་ཀྲུའུ་རིན་གཞོན་པ་དང་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ངག་དབང་ཚེ་རིང་གིས་བྱ་བའི་སྙན་ཞུ་ཕུལ་ཅིང་ལོ་སྔོན་མའི་བྱ་བར་ཕྱོགས་ བསྡོམས་དང་ད་ལོའི་མཐོ་རྒྱུགས་བྱ་བར་བཀོད་སྒྲིགས་ཞིབ་ཚགས་བྱས། རྫོང་དཔོན་གཞོན་པ་འཇིགས་ཐར་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་ཡིས་གཉིས་ཀྱིས་ཀྱང་རང་རང་ས་ནས་ད་ལོའི་མཐོ་རྒྱུགསབྱ་བའི་ལེགས་སྒྲུབས་ལ་རེ་འདུན་དང་བླང་བྱ་ ནན་མོ་བཏོན། དེ་མིན་ད་དུང་ཁོངས་ཞུགས་ལས་ཁུངས་སོ་སོ་དང་རྫོང་སྲིད་གཞུང་གི་བར་དུ《རྨ་ཆུ་རྫོང་མཐོ་རིམ་སློབ་གྲྭས་སློབ་མ་བསྡུ་བའི་རྒྱུགས་གཞི་བདེ་འཇགས་དང་གསང་ཚུགས་བྱ་བའི་རྒྱུགས་ལུགས་དང་སློབ་མའི་ཐོབ་ཐང་ཞིབ་བཤེར་འགན་འཁུར་ཡི་གེའི》སྟེང་དུ་མིང་རྟགས་བཀོད་ཅིང《རྨ་ཆུ་རི་རྫོང་རྒྱལ་ཁབ་སློབ་གསོའི་གཅིག་གྱུར་མཐོ་རྒྱུགས་ཀྱི་གློར་བྱུང་དོན་རྐྱེན་མྱུར་སེལ་སྔོན་འཆར》གྱི་བརྡ་སྦྱོར་ཡང་ཚོགས་འདུར་བཀྲམ་ནས་ད་ལོའི་མཐོ་རྒྱུགས་བྱ་བའི་བྱ་བ་བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱས། །