མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཟླ3པ་ནས་བཟུང་འབྲུག་ཆུ་རྫོང་གིས་ནད་ཡམས་ལྗིད་མོ་རིགས7ཕོག་པའི་དབུལ་ཕོངས་དུད་ཁྱིམ་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀན་སུའུ་གསར་འགྱུར་དྲ་བ།  2012-06-04 10:26

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  དོན་དངོས་སྟེང་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོར་འདེགས་བྱེད་ཆེད།  2012ལོའི་ཟླ3པ་ནས་བཟུང་།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གིས་ཡང་བསྐྱར་ནད་ཡམས་ལྗིད་མོ་རིགས7ཕོག་པའི་དབུལ་ཕོངས་དུད་ཁྱིམ་ལ་རོགས་སྐྱོར་བྱེད་པའི་ཚད་གཞི་ཇེ་མཐོར་བཏང་། 

འབྲུག་ཆུ་རྫོང་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་རྫོང་ཡིན་པ་དང་།  ནང་སྒོས་སུ“5.12དང8.8” བཅས་རང་བྱུང་གི་གནོད་འཚེ་ཐེབས་པས།  དབུལ་ཕོངས་མང་ཚོགས་ཀྱི་གྲངས་ཀ་སྔར་ལས་ཇེ་མང་ཡིན།  སྔར་ལས་ལྷག་པར་མང་ཚོགས་དཀའ་ཁག་ཅན་གྱི་སྨན་བཅོས་རོགས་སྐྱོར་ཚད་གཞི་ཇེ་མཐོར་གཏོང་ཆེད།  ཀན་སུའུ་ཞིང་ཆེན་དང་།  ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་ལྟར།  རྫོང་འདིས་དུས་ལྟར 《འབྲུག་ཆུ་རྫོང་ཞིང་སྡེའི་ནད་ཡམས་ལྗིད་མོ་རིགས7ཕོག་པའི་དབུལ་ཕོངས་དུད་ཁྱིམ་གྱི་རོགས་སྐྱོར་ཚད་གཞི་ཇེ་མཐོར་གཏོང་བའི་ཇུས་གཞི》གཏན་འབེབས་བྱས། 

མིག་སྔའི་བར་དུ།  འབྲུག་ཆུ་རྫོང་གིས་བསྡོམས་པས་མཁར་གྲོང་གི་ཆེད་དབུལ་མང་ཚོགས174ལ་རོགས་སྐྱོར་བྱས།  དེའི་ནང་ནད་ཡམས་ལྗིད་མོ་རིགས7ཕོག་པའི་ཆེས་དབུལ་མང་ཚོགས13དང་།  བང་རྩའི་ནད་པ5། ནུ་མའི་འབྲས་སྐྲན་ཕོག་པའི་ནད་པ2། ལིང་དོག་ཕོག་པའི་ནད་པ1།  མོ་ནད་འབྲས་སྐྲན་ཕོག་པའི་ནད་པ1། ཁྲག་ནད་ཕོག་པའི་ནད་པ3། ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ1བཅས་ལ་རོགས་སྐྱོར་སྒོར་ཁྲི9.597བྱིན།  །