མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱི་རིག་གནས་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་འཕོ་འགྱུར་གསར་བ་བྱུང་།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀན་སུའུ་གསར་འགྱུར་དྲ་བ།  2012-06-04 10:12


ཟླ5བའི་ཚེས29ཉིན།  ཀན་ལྷོ་བརྙན་འཕྲིན་ཁང་དང་ཀན་ལྷོ་རྒྱང་སྒྲོག་ཁང་གཉིས་ལས་ཁུངས་གཅིག་ཏུ་བསྡུས་ཤིང་།  ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་བཙུགས། 


ཟླ5བའི་ཚེས29ཉིན་གྱི་སྔ་དྲོར།  ཀན་ལྷོ་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་སྒོ་བྱང་འབྱེད་པའི་མཛད་སྒོ་བསྡུས། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ5བའི་ཚེས29ཉིན་གྱི་སྔ་དྲོར།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་པར་སྐྲུན་ཅུའུ་ཡིས་སྒོ་བྱང་འབྱེད་པའི་མཛད་སྒོ་བསྡུས།  ལས་ཁུངས་འདི་ནི་སྔར་ཡོད་ཁུལ་རིག་གནས་པར་སྐྲུན་ཅུའུ་དང་ལུས་རྩལ་ཅུའུ།  ཁུལ་རྒྱང་སྒྲོག་གློག་བརྙན་བརྙན་འཕྲིན་ཅུའུ་སོགས་ཀྱི་རྨང་གཞི་སྟེང་བཙུགས་པའི་སྲིད་གཞུང་གི་སྡེ་ཁག་ཅིག་ཡིན།  །