མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧྲིན་ཀྲིན་ཚོང་འགུག་དངུལ་འདྲེན་སྟེང་ལས་གཞི་བརྒྱད་ལ་ཆིངས་ཡིག་བཞག་པར་སྤྱིའི་དངུལ་གཏོང་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་བྱེ་བ་གཅིག་ས་ཡ་བརྒྱད་ལ་སླེབས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2012-06-03 11:24

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧྲིན་ཀྲིན་ཚོང་འགུག་དངུལ་འདྲེན་སྟེང་། ལས་གཞི་བརྒྱད་ལ་ཆིངས་ཡིག་བཞག་པ་དང་སྤྱིའི་དངུལ་གཏོང་སྒོར་མོ་ཐེར་འབུམ་གཅིག་དང་དུང་ཕྱུར་དགུ་དང་བྱེ་བ་གཅིག་ས་ཡ་བརྒྱད་ལ་སླེབས།

ལས་གཞི་བརྒྱད་པོ་སོ་སོ་ནི། ཧྲིན་ཀྲིན་ཆེན་ལུང་ཁོར་ཡུག་སྲུང་སྐྱོབ་ཀུང་སི་དང་ཧྲིན་ཀྲིན་བེ་ལུང་དངུལ་གཏོང་ཀུང་སི། ཀྲིག་ཅང་དམངས་གཉེར་ཁེ་ལས་པ་ལིས་ཨ་ཧྥུའུ་ཡིས་གཙོས་གྲོང་ཁྱེར་དང་གན་རྒྱ་བཞག་པའི་དངུལ་གཏོང་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཡིན་པའི་གཙོས་གྲོང་ཁྱེར་གྱི་གད་སྙིགས་སྤྱི་གནོད་མེད་པའི་ཐག་གཅོད་ལྟེ་གནས་འཛུགས་སྐྲུན་ལས་གཞི། དངུལ་གཏོང་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་བརྒྱད་ཡིན་པའི་གཙོས་གྲོང་ཁྱེར་ཤམ་བྷ་ལ་ཡུལ་སྐོར་རིག་གནས་ཐོན་ལས་ཁུལ་གྱི་ལས་གཞི། དངུལ་གཏོང་སྒོར་དུང་ཕྱུར་གཅིག་ཡིན་པའི་གཙོས་གྲོང་ཁྱེར་གྱི་སྐར་རིམ་བཞི་ཅན་གྱི་གསོལ་མགྲོན་ཁང་གི་འཛུགས་སྐྲུན་ལས་གཞི། དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ཡིན་པའི་གཙོས་གྲོང་ཁྱེར་གྱི་གཙོས་ས་འོག་ཉོ་ཚོང་ཚོང་རའི་འཛུགས་སྐྲུན་ལས་གཞི། ཀིང་ཀྲིག་མུའུ་ས་ཀྲིན་ཐུང་དངོས་ཟོག་བརྗེ་རེས་ཀུང་སི་དང་། ཀྲིང་ཀྲིག་སེད་ལེང་མུའུ་བཟའ་བཅའ་ཁེ་ལས་འཕེལ་རྒྱས་ཀུང་སིས་ལིན་ཐན་རྫོང་སྲིད་གཞུང་དང་གན་རྒྱ་བཞག་པའི་དངུལ་གཏོང་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ཡིན་པའི་ལིན་ཐན་རྫོང་ལུའུ་ཨར་ཁོག་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན་ལས་གཞི་དང་དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡིན་པའི་ལིན་ཐན་རྫོང་ཚོང་ཟོག་སྡོད་ཁང་འཛུགས་སྐྲུན་ལས་གཞི། དངུལ་གཏོང་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ཡིན་པའི་ལིན་ཐན་རྫོང་མཐོ་སྒང་གི་ལྷད་མེད་ཤའི་བཟའ་བཅའ་ལས་སྣོན་ལས་གཞི། སང་ག་ཕོར་ཨེད་ཧྥོ་ལིག་སི་ཧྥུན་དངུལ་གཏོང་ཀུང་སི་དང་བསང་ཆུ་རྫོང་སྲིད་གཞུང་གིས་གན་རྒྱ་བཞག་པའི་དངུལ་གཏོང་སྒོར་དུང་ཕྱུར་བཅུ་ཡིན་པའི་བསང་ཆུ་རྫོང་རྒན་གྱའི་མཁར་ནང་དང་རྒན་གྱའི་བྲག་དཀར་གྱི་ཡུལ་སྐོར་གསར་སྤེལ་ལས་གཞི་བཅས་རེད།  །