མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་ལིན་ཐན་རྫོང་གི་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་གྱིས་ལས་ཞུགས་བྱ་བར་སྐུལ་ཁྲིད་བྱས་པར་ཕན་འབྲས་ཐོབ་པ།

རྩོམ་པ་པོ། རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོ་རླུང་འཕྲིན་ལས་ཁུངས།  2012-05-31 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་འདི་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་གྱིས་ལས་རིགས་གསར་སྐྲུན་ལ་རོགས་སྐྱོར་དང་ལས་ཞུགས་བྱ་བར་སྐུལ་ཁྲིད་བྱེད་པ་དེ་ལས་ཞུགས་རྒྱ་སྐྱེད་པའི་གཞི་འཛིན་ས་གཙོ་བོར་བརྩིས་ནས་མུ་མཐུད་དུ་བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་བ་དང་། བྱ་བའི་དོ་དམ་དང་རོགས་སྐྱོར་སྲིད་ཇུས་སོ་སོ་དངོས་འབེབས་ལ་ཤུགས་བསྣན་ཏེ། གྲུབ་འབྲས་མངོན་གསལ་ཐོབ།

2011ལོའི་ལོ་མཇུག་ཏུ། རྫོང་ཡོངས་སུ་རིམ་བསགས་ཀྱིས་བརྩིས་ན་ཁྱིམ་ཚང305ལ་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་སྒོར་ཁྲི1087བཀྲམ་སྟེ། མི700ལྷག་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས། ན་ནིང་ནས་བཟུང་། ཀན་ལྷོ་ཁུལ་ལིན་ཐན་རྫོང་གིས་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་ཆེད། གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་དང་ལས་རིགས་གསར་སྐྲུན་གྱི་ནུས་ཤུགས་གསོ་སྦྱོང་དང་ཟུང་འབྲེལ་བྱས་ནས། ཆེད་དུ་ཞིང་ཆེན་མི་དོན་སྤྱི་ཚོགས་འགན་སྲུང་ཐིན་གྱི་ལས་ཞུགས་མཛུབ་སྟོན་ལྟེ་གནས་ཀྱི་ལས་རིགས་གསར་སྐྲུན་གསོ་སྦྱོང་ལས་གཞིའི་ཆེད ལས་མཁས་པ་གདན་དྲངས་ནས་རྫོང་ཡོངས་ཀྱི་ལས་རིགས་གསར་སྐྲུན་བྱེད་འདོད་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་ལས་ཤོར་མི་སྣ། ཞིང་ཁྱིམ་སྤྲོ་ར་གཉེར་མཁན་ལ་ཁེ་ལས་གསར་སྐྲུན་དང་ཁེ་ལས་ལེགས་འགྱུར་གྱི་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས་པར་མ་ཟད། ད་དུང་ལས་གཞིའི་ཆེད་ལས་མཁས་པས་དཔྱད་ཞིབ་བྱས་པའི་སློབ་མར《ལས་རིགས་གསར་སྐྲུན་གྱི་གསོ་སྦྱོང་ཚད་ལེན་དཔང་ཡིག》བྱིན། རྫོང་མི་དོན་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས《ལས་རིགས་གསར་སྐྲུན་གྱི་གསོ་སྦྱོང་ཚད་ལེན་དཔང་ཡིག》བླངས་པར་མ་ཟད་ཆ་རྐྱེན་དང་མཐུན་པའི་མི་སྣ་ལ་དམིགས་བསལ་གྱི་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་སྒོར་ཁྲི5འདོན་སྤྲོད་བྱས། ད་ལོའི་ལས་རིགས་གསར་སྐྲུན་གྱི་གསོ་སྦྱོང་བྱ་བ་ལེགས་འགྲུབ་བྱུང་ཞིང་། འཆར་གཞི་ལྟར་ཁྱིམ་ཚང120ལ་གྲངས་ཀ་ཉུང་བའི་བར་འདུག་སྐྱི་དངུལ་སྒོར་ཁྲི600བཀྲམ་ནས་མི240ལྷག་གི་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ལ་སྐུལ་ཁྲིད་བྱས། །