མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱི་ཧྲིན་ཀྲིན་ཚོང་འགུག་དངུལ་འདྲེན་ལེགས་འགྲུབ་བྱུང་ཞིང་ལས་གཞི8ལ་གན་རྒྱ་བཞག་པར་སྤྱིའི་མ་དངུལ་སྒོར་དུང་ཕྱུར19.18ལ་སླེབས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀན་ལྷོ་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  2012-05-31 11:07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་སྐྱོང་ཁུལ་གྱིས་ཧྲིན་ཀྲིན་ནས་ཚོང་འགུག་དངུལ་འདྲེན་ལས་གཞིར་མཚམས་སྦྱོར་བྱས་ཤིང་། ཡུལ་དངོས་སུ་ལས་གཞི8ལ་གན་རྒྱ་བཞག་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར19.18ལ་སླེབས།

ལས་གཞི་བརྒྱད་པོ་སོ་སོ་ནི། ཧྲིན་ཀྲིན་ཆན་ལུང་ཁོར་ཡུག་སྲུང་སྐྱོབ་ཀུང་སི་དང་ཧྲིན་ཀྲིན་ཝེ་ཅི་དངུལ་གཏོང་ཀུང་སི། ཀྲེ་ཅང་དམངས་གཉེར་ཁེ་ལས་པ་ལིས་ཨ་ཧྥུ་ཡིས་གཙོས་གྲོང་ཁྱེར་དང་གན་རྒྱ་བཞག་པའི་མ་དངུལ་གཏོང་སྒོར་དུང་ཕྱུར1.2ཡིན་པའི་གཙོས་གྲོང་ཁྱེར་སྤྱི་གནོད་མེད་པའི་གད་སྙིགས་ཐག་གཅོད་ལྟེ་གནས་འཛུགས་སྐྲུན་ལས་གཞི་དང་། མ་དངུལ་སྒོར་དུང་ཕྱུར1.48ཡིན་པའི་གཙོས་གྲོང་ཁྱེར་ཤམ་བྷ་ལ་ཡུལ་སྐོར་རིག་གནས་ཐོན་ལས་ཁུལ་གྱི་ལས་གཞི། མ་དངུལ་སྒོར་དུང་ཕྱུར1ཡིན་པའི་གཙོས་གྲོང་ཁྱེར་གྱི་སྐར་རིམ་བཞི་ཅན་གྱི་གསོལ་མགྲོན་ཁང་གི་འཛུགས་སྐྲུན་ལས་གཞི། མ་དངུལ་སྒོར་དུང་ཕྱུར1.3ཡིན་པའི་གཙོས་གྲོང་ཁྱེར་གྱི་གཙོས་ས་འོག་ཉོ་ཚོང་ཚོང་རའི་འཛུགས་སྐྲུན་ལས་གཞི། ཀོང་ཀྲོའུ་མོའུ་ས་ཀྲིན་ཐུང་དངོས་ཟོག་བརྗེ་རེས་ཀུང་སི་དང་ཀོང་ཀྲོའུ་སའེ་ལིང་མུའུ་གྲོང་ཁྱེར་བཟའ་བཅའ་ཁེ་ལས་འཕེལ་རྒྱས་ཀུང་སིས་ལིན་ཐན་རྫོང་སྲིད་གཞུང་དང་གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར1.2ཡིན་པའི་ལིན་ཐན་རྫོང་ཤེའུ་ཁོག་ཡུལ་སྐོར་ཕྱོགས་བསྡུས་གསར་སྤེལ་འཛུགས་སྐྲུན་ལས་གཞི་དང་མ་དངུལ་སྒོར་དུང་ཕྱུར1.5ཡིན་པའི་ལིན་ཐན་རྫོང་ཚོང ཟོག་སྡོད་ཁང་འཛུགས་སྐྲུན་ལས་གཞི། མ་དངུལ་གཏོང་སྒོར་དུང་ཕྱུར1.5ཡིན་པའི་ལིན་ཐན་རྫོང་མཐོ་སྒང་གི་ལྷད་མེད་ཤའི་བཟའ་བཅའ་ལས་སྣོན་ལས་གཞི། སིང་ག་ཕོར་ཨའེ་ཧྤོ་ལིག་ཧྥུན་དངུལ་གཏོང་ཀུང་སི་དང་བསང་ཆུ་རྫོང་སྲིད་གཞུང་གིས་གན་རྒྱ་བཞག་པའི་མ་དངུལ་གཏོང་སྒོར་དུང་ཕྱུར10ཡི་བསང་ཆུ་རྫོང་རྒན་གྱའི་མཁར་ནང་དང་རྒན་གྱའི་བྲག་དཀར་གྱི་ཡུལ་སྐོར་གསར་སྤེལ་ལས་གཞི་བཅས་རེད།  །