མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་ལས་ཀ་གསར་སྐྲུན་བྱས་ཏེ་ལས་ཞུགས་བྱ་བར་སྐུལ་ཁྲིད་བྱེད་པར་ཕན་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-05-31 11:04

 ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་འགའི་རིང་།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དམངས་འཚོ་ལེགས་བཅོས་དང་།  འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་རྒྱུ་ནི་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་ཡིན་པར་ངོས་བཟུང་ནས།  ཕྱོགས་ཡོངས་སུ་ལས་ཞུགས་དང་ཡང་བསྐྱར་ལས་ཞུགས་ཁྲོད་ཀྱི་རྩ་དོན་སྲིད་ཇུས་ལག་ལེན་མཐར་ཕྱིན་བྱས་པ་བརྒྱུད།  ཁུལ་ཡོངས་ཀྱིས་ལས་ཀ་གསར་སྐྲུན་བྱས་ཏེ་ལས་ཞུགས་བྱ་བར་སྐུལ་ཁྲིད་བྱེད་པར་ཕན་འབྲས་མངོན་གསལ་ཐོབ། 

ཀན་ལྷོ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཐབས་བརྒྱ་ཇུས་སྟོང་གིས་ལས་ཤོར་མི་སྣ་དང་། མཐོ་རིམ་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་མས་ལས་ཀ་གསར་སྐྲུན་བྱེད་པར་སྐུལ་འདེད་བྱས་པ་དང་།  རྒྱུན་ཆད་མེད་པར་དངུལ་བུན་འགྲེམ་གཏོང་བྱེད་པའི་གཞི་རྒྱ་ཇེ་ཆེ་རུ་གཏོང་བ།  ཁེ་ལས་ཆུང་བའི་ཐོན་སྐྱེད་ཚོང་གཉེར་བྱེད་པར་རོགས་སྐྱོར་བྱེད་པ།  ཁེ་ལས་ཀྱིས་ངལ་རྩོལ་པ་མང་པོ་བསྡུ་ལེན་བྱེད་པའི་དུས་མཚུངས་སུ།  རྒྱུན་ཆད་མེད་པར་ལས་ཀ་གསར་སྐྲུན་གྱི་ཞབས་ཞུ་མ་ལག་འཛུགས་སྐྲུན་བྱ་བ་འཐུས་ཚང་དུ་བཏང་ནས།  ངལ་རྩོལ་བའི་ལས་ཀ་གསར་སྐྲུན་བྱེད་པའི་ནུས་ཤུགས་མཐོར་འདེགས་སུ་གཏོང་བར་སྐུལ་ཁྲིད་བྱས།   2011ལོའི་ལོ་མཇུག་བར།  བསྡོམས་པས་དུད་ཁྱིམ3583གྱི་ལས་ཤོར་མི་སྣ་དང་།  སློབ་གྲྭ་མཐོ་འབྲིང་ལས་སློབ་མཐར་ཕྱིན་པའི་སློབ་མ་བཅས་ལ་དངུལ་བུན་ཁྲི15567དང་། ཁེ་ལས་ཆུང་འབྲིང9ལ་དངུལ་བུན་ཁྲི443བཅས་བཏང་།   །