མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

འབྲུག་ཆུ་རྫོང་གིས་གནོད་ཕྱིའི་བསྐྱར་སྐྲུན་ལ་ཕྱོགས་ཡོངས་སུ་གནམ་གཤིས་ཐད་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  2012-05-30 10:12

  ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  གསར་འགོད་པས་ཟླ5བའི་ཚེས28ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན།  མིག་སྔར་རྫོང་འདིས་གནམ་གཤིས་ཐད་ཀྱི་སྔོན་བརྡའི་ཞབས་ཞུ་དགོས་མཁོ་ལ་བརྟག་དཔྱད་བྱས་པ་དང་།  གནམ་གཤིས་མི་ལེགས་པའི་ཞབས་ཞུ་གནས་ཚུལ་ལ་ཡང་བསྐྱར་རྒྱུས་ལོན་བྱས་པ།  དུས་ལྟར་གནམ་གཤིས་ཐད་ཀྱི་བརྡ་འཕྲིན་གསར་བ་འདོན་སྤྲོད་བྱེད་པ། དུས་རྒྱུན་ཆུ་ལོག་སྔོན་འགོག་གཞུང་སྒྲུབ་ཁང་སོགས་སྡེ་ཁག་ལ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་གནམ་གཤིས་ཐད་ཀྱི་ཞབས་ཞུ་ལེགས་པོ་སྒྲུབ་པར་འབད་པ་བྱས། 

དུས་དང་མཉམ་དུ་ས་དེའི་གནམ་གཤིས་སོགས་འབྲེལ་ཡོད་སྡེ་ཁག་གིས་བརྡ་འཕྲིན་དང་།  ཚགས་པར།  ཁ་པར།  དྲ་རྒྱ་དང་བརྙན་འཕྲིན་བཅས་བརྒྱུད་ནས།  མི་སྒེར་ལ་གནམ་གཤིས་སྔོན་བརྡ་གསར་བ་འདོན་སྤྲོད་བྱས། 

རྒྱུས་ལོན་པ་ལྟར་ན།  ཀྲུང་གོའི་གནམ་གཤིས་ཅུའུ་ཡི་ཅི་ཀྲང་གཞོན་པ་ཡུས་ཞིན་ཝུན་གྱིས2011ལོའི་ཟླ5བའི་ནང་བསྡུས་པའི་ཆེད་དོན་གྲོས་ཚོགས་ལས།  འབྲུག་ཆུ་རྫོང་གི་གནོད་ཕྱིའི་བསྐྱར་སྐྲུན་བྱ་བ་ལེགས་པོ་སྒྲུབ་དགོས་ན།  འདན་ཟུགས་འདྲེས་མའི་ཆུ་ལོག་སོགས་གནོད་འཚེ་ལ་ལྟ་ཞིབ་ཉེན་བརྡ་གཏོང་བའི་ནུས་ཤུགས་མཐོར་འདེགས་བྱེད་དགོས་པའི་བླང་བྱ་བཏོན། 

མིག་སྔར།  འབྲུག་ཆུ་རྫོང་གི་གནོད་འཚེ་ཐེབས་པའི་གནམ་གཤིས་ལྟ་ཞིབ་ལྟེ་གནས་ཞིག་གསོ་བྱས་པ་དང།  གནོད་འཚེ་རྗེས་ཀྱི་གནམ་གཤིས་ཞབས་ཞུ་བེད་སྤྱོད་བྱས་པ་བརྒྱུད།  ས་དེའི་གནམ་གཤིས་ལྟ་ཞིབ་དང་།  ཉེན་བརྡ་གཏོང་བའི་ནུས་ཤུགས།  རྒྱུ་སྤུས་སོགས་མཐོར་འདེགས་བྱུང་བ་མངོན་གསལ་ཡིན་པས།  གནམ་གཤིས་ཞབས་ཞུ་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས།   །