མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཅ་ཡུས་ཀོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ་ལག་ལེན་བསྟར་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2012-05-29 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་སྡེའི་ཤིང་ལས་གྲུབ་པའི་བཟོ་བཀོད་ལ་སྲུང་སྐྱོབ་ཉམས་བཟོ་དང་གནའ་བོའི་བཟོ་སྐྲུན་གྱི་ཚོན་རྩིའི་རྒྱན་རིས་བསྐྱར་བྲིས་ཀྱི་ལས་གྲྭ་སྔ་རྗེས་སུ་འགོ་ཚུགས་པ་དང་ཆབས་ཅིག་ཅ་ཡུས་ཀོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ་ཡང་དངོས་སུ་ལག་ལེན་བསྟར་བའི་དུས་མཚམས་སུ་སླེབས་ཡོད་པ་རེད།

ཉེ་ཆར་གསར་འགོད་པས་ཀན་སུའུ་ཞིང་ཆེན་ཅ་ཡུས་ཀོན་གྲོང་ཁྱེར་ཨུ་ལྷན་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱལ་ཁབ་རིག་དངོས་ཅུས་དང་ཀན་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་རིགས་གཅིག་མཁས་པས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་ཅ་ཡུས་ཀོན་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་གྲྭའི་ནང་གཙོ་བོ་ཅ་ཡུས་ཀོན་གྱི་ལྕགས་རི་རིང་པོ་སྲུང་སྐྱོབ་ཉམས་བཟོའི་ལས་གྲྭ་དང་།ཅ་ཡུས་ཀོན་གྱི་འཛམ་གླིང་རིག་གནས་ཤུལ་བཞག་ལྟ་ཞིབ་ལྟེ་གནས་འཛུགས་སྐྲུན་ལས་གྲྭཅ་ཡུས་ཀོན་གྱི་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བསྟན་རྒྱུའི་ལས་གྲྭ་སོགས་ནང་དོན་གསུམ་གཏན་འཁེལ་བྱས་ཡོད་པ་རེད།

ལས་འགོ་ཚུགས་ཟིན་པའི་ཅ་ཡུས་ཀོན་གྱི་གྲོང་སྡེའི་ཤིང་ལས་གྲུབ་པའི་སྐྲུན་དངོས་སྲུང་སྐྱོབ་ཉམས་བཟོའི་ལས་གྲྭ་དང་།གནའ་བོའི་བཟོ་སྐྲུན་གྱི་ཚོན་རྩིའི་རྒྱན་རིས་བསྐྱར་བྲིས་ལས་གྲྭཤིས་ལུའོ་གྲོང་མཁར་སྲུང་སྐྱོབ་དང་ཉམས་བཟོའི་ལས་གྲྭ་བཅས་ནི་ཅ་ཡུས་ཀོན་གྱི་ལྕགས་རི་རིང་པོ་སྲུང་སྐྱོབ་དང་ཉམས་བཟོའི་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་ལས་གྲྭ་དེའི་ནང་ཅ་ཡུས་ཀོན་གྱི་ཐོག་བརྩེགས་ཁང་ཆེན་དང་གཅོད་སྒོ་ཤར་མ་སོགས་གནའ་བོའི་བཟོ་སྐྲུན་མང་པོ་ཚུད་ཡོད་པ་རེད།

ཅ་ཡུས་ཀོན་གྱི་ལྕགས་རི་རིང་པོ་དེ་ཅ་ཡུས་ཀོན་གྱི་གྲོང་ཁྱེར་གྱི་ལྷོ་ནུབ་ཟུར་དུ་ཡོད་པ་དང་མིང་རྒྱལ་རབས་ཀྱི་ལེ་དབར་ཁྲི་ཡི་ལྕཌ་རི་རིང་པོའི་ནུབ་སྣེར་གནས་ཡོད་པས“གནམ་འོག་འགག་སྒོ་དང་པོ”ཞེས་གྲགས། །