མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་ལྟ་རྟོག་ཚོགས་པ་རྩ་འཛུགས་བྱས་ནས་དཔའ་རིས་དང་སུའུ་ནན་ས་ཆའི་ཕྱུགས་ལས་བྱ་བར་ལྟ་རྟོག་ཏུ་སོང་བ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-28 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ཤང་གྲོང་སོ་སོ་དང་ཆེད་ལས་མཉམ་ལས་ཁང་གི་འཐུས་མི་བསྡོམས་པས་མི48ལས་གྲུབ་པའི་ལྟ་ཞིབ་ཚོགས་པ་རྩ་འཛུགས་བྱས་ནས་དཔའ་རིས་རྫོང་དང་སུའུ་ནན་རྫོང་གི་དེང་རབས་ཕྱུགས་ལས་འཕེལ་རྒྱས་དང་འབྲོག་སྡེ་གསར་བའི་འཛུགས་སྐྲུན།ཆེད་ལས་མཉམ་ལས་ཁང་གི་ཉོ་འཚོང་གནས་ཚུལ་བཅས་ལ་ལྟ་ཞིབ་ཏུ་སོང་། དཔའ་རིས་རྫོང་དུ་ལྟ་ཞིབ་ཚོགས་པས་ལུང་ཡངས་བཟོ་ལས་ཁུལ་དང་དཔལ་རྫོང་དགོན་གྲོང་བརྡལ་གྱི་སྐྱེས་ཁམས་གནས་སྤོ་ཡུལ་མི་དང་ཕྱི་མི་ནང་སྤོར་དབུལ་སྐྱོར་དཔེ་སྟོན་ས་ཚིགས།འབྲོག་རྒྱས་སྒོ་སྤེལ་མཉམ་ལས་ཁང་། ཞིང་ཕན་གསོ་སྤེལ་ར་བ་དང་དཔའ་རིས་ལུག་རྒྱུད་སྤེལ་གནས་བཅས་ལ་ལྟ་ཞིབ་བྱས། སུའུ་ནན་དུ་ལྟ་རྟོག་ཚོགས་པས་ཏ་ཧི་ཤང་གི་ཞི་ཐེ་ཙི་ལུག་བལ་ཚད་ལྡན་ཐོན་སྐྱེད་གནས་གཞི། བླ་མ་འགག་འགན་སྲུང་སྡོད་གནས་འཛུགས་སྐྲུན་སྡོད་གནས་བཟོ་འགོད། ཀན་སུའུ་མདོ་ལ་རི་བོའི་སྐྱེས་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། ཙོ་ཧྥན་འགག་གཏེར་ལས་ཐོན་རྫས་གཅིག་གྱུར་ལས་སྣོན་ལས་སྣོན་ས་ཁུལ། ཤྭ་བ་གསོ་སྤེལ་ལྟེ་གནས། ཁང་ལི་སྡེ་གསར་འཛུགས་སྐྲུན། གནས་སྐོར་ཁྱད་ལྡན་རིག་གནས་གྲོང་ཁུལ་དང་རྫོང་མཁར་ཁྱད་ལྡན་འཛུགས་སྐུན་ལྗང་མདོག་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ངེད་རྫོང་གི་མ་འོངས་འཛུགས་སྐྲུན་ཀྱི་ཁ་ཕྱོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པར་མིག་བལྟ་བཟང་པོ་ཞིག་བྱས། །