མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོར་བསྐྱོད་དེ་རྨ་ཆུར་འཛོམས་ཞེས་པ་བརྗོད་བྱ་ཡིན་པའི་གནས་སྐོར་བའི་མཐོང་ལམ་གྱི་ཀན་ལྷོའི་རྨ་ཆུའི་རྩོམ་ཡིག་འགྲན་བསྡུར་གྱི་རྩོམ་བསྡུའི་ལས་བརྡ་དངོས་སུ་བཏང་བ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-28 11:13

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཁུགས་དང་པོ་སོགས་ཀྱི་གནས་སྐོར་ཚོང་རྟགས་ཀྱི་གྲགས་རྒྱ་སྔར་བས་ཆེ་རུ་གཏོང་ཆེད་དུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་དང་རྫོང་གནས་སྐོར་ཅུས་ཀྱིས་ལས་སྒྲུབ་བྱས་ཤིང་། ཀན་སུའུ་ཞིང་ཆེན་ལས་བཟོ་བའི་རྒྱལ་སྤྱིའི་འབྲུག་བསྐྱོད་གནས་སྐོར་ཚོགས་པ་དང་ནུབ་ཕྱོགས་ཚོང་འབྲེལ་ཚགས་པར། ཀྲུང་ཧྭ་གནས་སྐོར་བརྙན་པར་དྲ་བ་བཅས་དང་མཉམ་འབྲེལ་བྱས་ནས་ཀན་ལྷོར་བསྐྱོད་དེ་རྨ་ཆུར་འཛོམས་ཞེས་པ་བརྗོད་བྱ་ཡིན་པའི་གནས་སྐོར་བའི་མཐོང་ལམ་གྱི་ཀན་ལྷོའི་རྨ་ཆུའི་རྩོམ་ཡིག་འགྲན་བསྡུར་གྱི་རྩོམ་བསྡུའི་ལས་བརྡ་དངོས་སུ་བཏང་།

    འགྲན་སྡུར་འདི་སྤེལ་བའི་དམིགས་ཡུལ་གཙོ་བོ་ནི་རྨ་ཁུགས་དང་པོའི་གནས་སྐོར་ལྗོངས་རྒྱུ་ས་ཚིགས་དེ་རྒྱལ་ཁབAAAAརིམ་པའི་ལྗོངས་རྒྱུ་ས་ཚིགས་སུ་བསྟོད་པར་ཆེད་དུ་དམིགས་པ་ཡིན་ལ། གོ་སྐབས་འདི་དང་བསྟུན་ནས་དྲིལ་སྒྲོག་བྱ་བ་དམ་པོར་སྤེལ་ནས་ས་གནས་ཀྱི་གནས་སྐོར་མཚན་སྙན་སྔར་བས་ཇེ་ཆེར་གཏོང་ཆེད་དང་མཚར་སྡུག་ལྡན་པའི་ཀན་ལྷོ་ཤམ་བྷ་ལའི་གྲོང་ཁྱེར་གྱི་མཛེས་ཉམས་སྔར་བས་ཇེ་ལེགས་སུ་གཏོང་བར་རྨང་གཞི་བརྟན་པོ་གཏོང་བའི་ཆེད་དུ་ཡིན། །