མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གི་ཆབ་སྲིད་བསམ་བློའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-28 11:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་ཏུ། དར་ཆ་མཐོ་རུ་བསྒྲེངས་ནས་སྤྱི་ཕྱོགས་གཙིགས་འཛིན་དང་དམངས་ལ་ཞབས་འདེགས་བསྒྲུབས་ནས་གསར་གཏོད་བཅོས་སྒྱུར་བྱེད་པའི་ཀྲུང་དབྱང་གི་གིས་བཏོན་པའི་སྤྱིའི་རེ་འདུན་དང་བསམ་བློའི་མཛུབ་སྟོན་གྱི་རེ་འདུན། ཚན་མཐུན་ལྟ་བའི་འཕེལ་རྒྱས་བཅས་ལ་གཞིགས་ནས་དངོས་ཐོག་བདེན་འཚོལ་དང་དུས་བསྟུན་སྔོན་བསྐྱོད་ཀྱིས་སྒོ་ནས་རྫོང་ཡོངས་ཀྱི་བསམ་བློ་བཅིངས་འགྲོལ་དང་བཅོས་གྱུར་སྒོ་འབྱེད་རྒྱུན་ཁྱོངས། ཚན་མཐུན་ལྟ་བ་སྐུལ་སྤེལ།འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་ལ་སྟོབས་ལྡན་གྱི་བསམ་བློའི་རིག་གནས་ཀྱི་རྨང་རྡོ་བརྟན་པོ་ཞིག་བཏིངས།

གཅིག་ནི་ཚན་རིག་གཞུང་ལུགས་ཀྱིས་བསམ་བློ་སྐུལ་སྤེལ་བྱེད་པ་དང་། ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ལ་ཤུགས་བསྣན་པ།

རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨའུ་ལྟེ་བའི་ཚོ་ཆུང་གི་སློབ་སྦྱོང་ལ་ཤུགས་སྣོན་དང་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་བྱེད་པའི་ལམ་ལུགས་ཇེ་ཚང་དུ་གཏོང་ཆེད་དུ་རྫོང་ཨུའི་ལྟེ་བའི་ཚོ་ཆུང་ནས་སྔ་ཕྱིར་གཅིག་བསྡུས་སློབ་སྦྱོང་ཐེངས30ལ་རྩ་འཛུགས་དང་། རྫོང་གཞོན་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་ཁུངས་དང་རྫོང་ཐད་གཏོགས་སྡེ་ཁག་གི་འགོ་ཁྲོད་གཙོ་བོ་ སོགས་རྒྱལ་ནང་གི་དཔལ་འབྱོར་དར་ཆེ་བའི་ས་ཁུལ་དུ་ལྟ་རྟོག་སློབ་སྦྱོང་བྱེད་ཐེངས10ལས་བརྒལ་ཅིང་བྱེད་ཐབས་སྣ་ཚོགས་བརྒྱུད་ནས་མིག་རྒྱ་ཇེ་ཆེ་དང་མཐོང་ཐོས་ཇེ་མང་དུ་བཏང་ནས་རྫོང་ཡོངས་ཀྱི་སློབ་སྦྱོང་ལྡན་པའི་ཏང་འཛུགས་བྱ་བར་གྲུབ་འབྲས་མངོན་གསལ་བླངས། དེ་ལས་གཞན་རྫོང་ཨུའི་སློབ་སྦྱོང་ལྟེ་བའི་ཁོངས་མི་རྣམས་ཀྱིས་རང་ངོས་ཀྱི་གནས་བབས་དངོས་དང་བསྟུན་ནས་གཞུང་ལུགས་ཆུ་ཚད་ཅུང་མཐོ་བའི་རྟོག་དཔྱོད་དཔྱད་རྩོམ30ལྷག་གསར་རྩོམ་བྱས་ཏེ་རྫོང་གཞོན་རིམ་པ་ཡན་གྱིས་ཀན་ལྷོའི་ཉིན་རེའི་ཚགས་པར་དང་ཀན་ལྷོའི་འཕེལ་རྒྱས་སོགས་དུས་དེབ་སྟེང་དུ་བརྩམས་ཆོས18ལྷག་བཀོད་ནས་གཞུང་ལུགས་ཀྱིས་ལག་ལེན་ལ་མཛུབ་སྟོན་བྱེད་པའི་ནུས་པ་སྔར་བས་གཏིང་ཟབ་ཏུ་བཏང་།

གཉིས་ནི་ཚན་མཐུན་འཕེལ་རྒྱས་ལྟ་བ་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་སྤེལ་བར་གྲུབ་འབྲས་མངོན་གསལ་བླངས་པ།

རྫོང་ཡོངས་ཀྱི་ཏང་འཛུགས་རིམ་པ་སོ་སོས་སྔ་ཕྱིར་ཚན་མཐུན་འཕེལ་རྒྱས་ལྟ་བའི་ལག་ལེན་སློབ་སྦྱོང་དང་།ཕུགས་བསམ་དང་ཀུན་སྤྱོད་གཙོར་འཛིན་གྱིས་མིག་དཔེ་དང་འཆམ་མཐུན་སྐུལ་སྤེལ་བྱེད་པའི་སློབ་གསོ་ལག་ལེན།སློབ་སྦྱོང་དང་ཆབ་སྲིད་དམ་འཛིན་གྱིས་མཐུན་སྒྲིལ་དང་ལག་ལེན་དོན་གཉེར་བྱེད་པའི་སློབ་གསོའི་ལག་ ལེན།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དང་སྲིད་རྣམ་སློབ་གསོ།སྔོན་བརྩོན་ཕུལ་བརྩོན་བྱ་འགུལ་སོགས་སློབ་སྦྱོང་ལག་ལེན་བྱ་འགུལ་མང་པོ་རྩ་འཛུགས་བྱས་ནས་འབུར་ཐོན་གྱི་གནད་དོན་མང་པོ་ཐག་གཅོད་བྱས་པ་མ་ཟད་ཚན་རིག་འཆར་འགོད་དང་མཛུབ་སྟོན་བྱ་བའི་དོན་དངོས་ཀྱི་ནང་དོན་ཇེ་ཕྱུག་ཏུ་སོང་ཞིང་སློབ་སྦྱོང་སློབ་གསོ་དང་ལག་ལེན་བྱ་འགུལ་ལ་གྲུབ་འབྲས་མངོན་གསལ་བླངས།

གསུམ་ནི་གཞུང་ལུགས་སློབ་སྦྱོང་གཞི་རིམ་འབྲོག་སྡེར་སྤེལ་བར་གྲུབ་འབྲས་མངོན་གསལ་བླངས་པ།

རྫོང་ཨུའི་གཞུང་ལུགས་འཆད་ཁྲིད་ཚོ་ཆུང་གིས་སྔ་ཕྱི་ཤང་བདུན་གྲོང་གཅིག་གི་སྡེ་བ40ལྷག་དང་དགོན་པ་11ལ་འབྲེལ་འདྲིས་དམ་པོ་བྱས་ཏེ་གཞུང་ལུགས་འཆད་ཁྲིད་དང་བགྲོ་གླེང་བྱ་འགུལ་རབས་དང་རིམ་པ་མང་པོ་སྤེལ་ནས་རྫོང་གི12358དཔལ་འབྱོར་འཕེལ་རྒྱས་ཐབས་ཇུས་ཆེན་པོ་དང་དཔལ་འབྱོར་སྤྱི་ཚོགས་ཁྲོད་གནས་པའི་དངོས་ཡོད་གནད་དོན་ལ་དམིགས་ནས་མངས་ཚོགས་ཀྱིས་ཆེས་སེམས་འཁུར་བྱེད་པའི་སྤྱི་ཚོགས་གནད་དོན་དང་འཚོ་བའི་གནད་དོན་ཕྱོགས་ལ་ལན་གསལ་པོ་བཏབ། སྔ་ཕྱིར་ཆབ་སྲིད་གཞུང་ལུགས་དང་ལས་རིགས་གསོ་སྦྱོང་གི་ཆེད་དོན་ཚོགས་ཁྲིད་ཐེངས30། གསོ་སྦྱོང་འཛིན་གྲྭ་སྐབས60། ཞིང་ཆེན་དང་ཁུལ་རིམ་པའི་ཆེད་ཞུས་སློབ་དཔོན་དང་ཆེད་མཁས།རིག་གཞུངམཁས་པ18བཅས་དང་བསྡོམས་པས་རྫོང་གིས་ཏང་ཡོན་ལས་བྱེད་4000ལྷག་ལ་གསོ་སྦྱོང་གི་གོ་སྐབས་ཐོབ་ཡོད། རྫོང་དང་ཤང་། སྡེ་བ་རིམ་པའི་ཏང་ཡོན་ལས་བྱེད་6000ལྷག་དང་དགོན་པའི་གྲྭ་བཙུན་1700ལྷག་ལ་གསོ་སྦྱོང་བྱས་པ་རྒྱུད་ནས་བསམ་བློའི་ཆབ་སྲིད་བྱ་བའི་དུས་འཁེལ་རང་བཞིན་དང་ཁ་གཏད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

བཞི་ནི་ཞིང་འབྲོག་སྡེའི་དུས་བསྟུན་སློབ་གོས་དང་སློབ་གྲྭའི་དཀྱིལ་སྙིང་སློབ་གསོའི་བྱ་བའི་ཐད་དུ་གྲུབ་འབྲས་མངོན་གསལ་བླངས་པ།

2009ལོ་ནས་བཟུང་།རྫོང་གི་འབྲོག་སྡེ་དང་སློབ་གྲྭ་སོ་སོ་ནས་མེས་རྒྱལ་ལ་དགའ་ཞེན་དང་ཁ་བྲལ་ལ་ངོ་རྒོལ།འཆམ་མཐུན་ལ་སྐུལ་འདེད་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་མང་པོ་སྤེལ། རྫོང་རྒྱང་སྒྲོག་ཁང་དང་ཤང་སོ་སོ།དེ་མིན་ཆ་རྐྱེན་ཡོད་པའི་རུ་སྡེ་དང་དགོན་པ་སོགས་ནས་རྒྱལ་གླུ་དང་དམར་ཕྱོགས་བསྟོད་གླུ།དེ་མིན་གློག་བརྙན་ལོ་རྒྱུས་ཀྱི་བདེན་དཔང་དང་ཞིང་བྲན་སོགས་གློག་བརྙན130ལྷག་སྐོར་གཏོང་བྱས་ཞིང་ལྟད་མི་བ་མི་ཐེངས་ཁྲི2.6ལྷག་ལ་སླེབས།རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ41གི་འབྲོག་དམངས་ཁྲི3.3ལྷག་སློབ་གསོ་བྱ་འགུལ་དུ་ཞུགས་ཡོད་པས་སློབ་གསོར་ཞུགས་ཚད་བརྒྱ་ཆའོ90.3དུ་སླེབས།རྫོང་ཡོངས་ཀྱི་དགེ་སློབ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བསྡོམས་པས་མི8000ལྷག་ཀྱང་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་དུ་ཞུགས་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཕྱོགས་ལ་རྨང་གཞི་བརྟན་པོ་བཏིངས།

ལྔ་ནི་ཡང་དག་པའི་གླེང་ཕྱོགས་ཀྱིས་མང་ཚོགས་ལ་སྣེ་ཁྲིད་ལེགས་པོ་བྱས་པའི་གྲུབ་འབྲས་མངོན་གསལ་ཡིན་པ།

རྫོང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་དང་བརྟན་བརླིང་གི་བྱ་བའི་དྲིལ་སྒྲོག་ལེགས་པོར་སྒྲུབ་ཆེད་དུ་ཡང་དག་པའི་གླེང་ཕྱོགས་གསར་འཛུགས་ཀྱིས་བསམ་བློ་གཅིག་གྱུར་དང་སེམས་ཁམས་བརྟན་འཇགས་སུ་བཏང་ནས་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ་དང་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་ནང་དོན།ཞིང་ཆེན་ཨུའི་བོད་ཁུལ་བྱ་བའི་ཚོགས་འདུ།ཁུལ་ཨུ་དང་ཁུལ་ཡོངས།རྫོང་ཡོངས་བཅས་ཀྱི་དཔལ་འབྱོར་བྱ་བའི་ཚོགས་འདུའི་ནང་དོན་སོགས་དྲིལ་སྒྲོགས་ནན་མོ་ བྱས་ཤིང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བཅོས་དང་དཔལ་འབྱོར་སྒྲིག་གཞིའི་རྣམ་པ་ལེགས་པོ་དང་ཉམས་མྱོང་བཟང་པ་དྲིལ་སྒྲོགས་ཀྱིས་སྤྱི་ཚོགས་ཕྱོས་ཡོངས་འཕེལ་རྒྱས་ཀྱི་ཐབས་ཇུས་གལ་ཆེན་བཏོན་པར་གྲུབ་འབྲས་མངོན་གསལ་བླངས་ཡོད།

དྲུག་ནིབསམ་པའི་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ཀྱི་བྱ་འགུལ་སྤེལ་བར་གྲུབ་འབྲས་མངོན་གསལ་བླངས་པ།

སྤྱི་ཚོགས་རིང་ལུགས་ཀྱི་དཀྱིལ་སྙིང་རིན་ཐང་འཛུགས་སྐྲུན་བྱེད་ཆེད་དུ་རྒྱལ་སྟོན་བསུ་ཞིང་དཔལ་ཡོན་གསར་འཛུགས་དང་ཀུན་སྤྱོད་གསར་སྤེལ་བྱེད་པའི་བྱ་འགུལ་སྤེལ་བ་དང་། གཟི་བརྗིད་དང་ངོ་ཚའི་ལྟ་བ་ངེས་ཏེ་མཐོ་སྒང་གི་མི་བཟང་པོ་ཞིག་བྱེད་པའི་དྲིལ་སྒྲོག་སློབ་གསོའི་བྱ་འགུལ་སྤེལ་བ་གཉིས་སྤྱི་ཚོགས་རིང་ལུགས་ཀྱི་གཟི་བརྗིད་དང་ངོ་ཚའི་ལྟ་བའི་སློབ་གསོ་དང་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་གསར་འཛུགས་བྱེད་པའི་བྱ་འགུལ་དང་འབྲེལ་བ་དམ་པོ་བྱས་ནས་དཔལ་ཡོན་གྱི་རྣམ་པ་བཟང་པོ་གསར་འཛུགས་བྱེད་པ། 5.12བོན་གྲོང་ས་འགུལ་དང8.8འབྲུག་ཆུའི་རང་བྱུང་གནོད་འཚེ་བཅས་ཀྱི་ཐད་ལ་རང་རྫོང་གིས་སྔ་ཕྱིར་གོནད་ཁུལ་དུ་དམངས་སྒོར་ཁྲི་58ཞལ་འདེབས་སུ་ཕུལ་བ་དང་།འབྲུག་ཆུར་དམངས་སྒོར་ཁྲི158ཞལ་འདེབས་བྱས་པ་བཅས་བརྒྱུད་ནས་རྨ་ཆུའི་རིགས་སོ་སོའི་མི་དམངས་ཀྱིས་བརྩེ་སེམས་དང་ལྷག་བསམ་དེ་གནོད་ཁུལ་མང་ཚོགས་ལ་བསྐྱལ་བ་དང་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་བརྩེ་ཚོར་དང་མི་རིགས་ཀྱི་སྙིང་སྟོབས་ལ་དྲན་སྐུལ་བྱས།ལྷག་པར་ཏུ།ཉེ་བའི་ལོ་འགའི་རིང་ལ་ངེད་རྫོང་གིས་རྣམ་པ་ལེགས་འཛུགས་གཙོ་གནད་དུ་བཟུང་ནས་ཕྱི་ཕྱོགས་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས་ནང་དུ་འདྲེན་ཅིང་ཕྱི་རུ་བསྐྱོད་ཅེས་པའི་ཕྱི་ཕྱོགས་དྲིལ་སྒྲོགས་ཀྱི་ཐབས་ཇུས་ལག་བསྟར་གྱིས་རིགས་ལམ་གསར་སྤེལ་དང་བྱ་ཐབས་གསར་འཛུགས་བཅས་བྱས་ནས་དྲ་གནས་དྲིལ་སྒྲོགས་བྱ་བར་ཤུགས་སྣོན་གང་ལེགས་བརྒྱབ་ཡོད་པས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་མ་ཟད་རྫོང་ཡོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་འཕེལ་རྒྱས་ཆེན་པོ་དང་དར་སྤེལ་ཆེན་པོར་གྲུབ་འབྲས་མངོན་བླངས་ཡོད།  །