མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་སྡོང་འཛུགས་ལྗང་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-25 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་བྱེ་ཐང་བཅོས་སྒྱུར་དང་སྡོང་འཛུགས་ལྗང་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད་དུ་ཕྱུགས་ལས་མ་ལག་གི་ལས་ཁུངས་ཡོངས་རྩ་འཛུགས་ཀྱིས་ཟླ5པའི་ཚེས8ཉིན་ནས11བར་དུ་རྨ་ཆུའི་ཟམ་གྱི་ལྷོ་རྒྱུད་དུ་དཔྱིད་ཚིགས་སྡོང་འཛུགས་ཀྱི་བྱ་འགུལ་སྤེལ་ནས་དཔེ་སྟོན་ས་ཚིགས་ཀྱི་རྣམ་པ་སྔར་བས་བཟང་པོ་བཏོན། ཉིན་གསུམ་གྱི་རིང་ལ་སྡོང་འཛུགས་གནས་སར་ཆུ་གསོག་ས་དང་ཆུ་འདྲེན་ས་བཅས་ཚན་རིག་དང་མཐུན་པར་ལས་པ་མ་ཟད།ཕྱུགས་ལས་ལས་ཁུངས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱི་མཛུབ་སྟོན་འོག་ཏུ་སྡོང་འཛུགས་འགན་ས་འགན་བགོས་གསལ་པོ་བྱས་ནས་འགོ་ཁྲིད་རྣམས་ཀྱི་ལས་སྣེ་ཁྲིད་དེ་བྱ་འགུལ་གང་མྱུར་སྒོས་སྤེལ།

ཐེངས་འདིའི་བྱ་འགུལ་དུ་ཞུགས་པའི་ལས་ཁུངས་སུ་རྫོང་རྩྭ་ཐང་ས་ཚིགས། ཞིང་འཕྲུལ་ས་ཚིགས། རྩྭ་ཐང་ལྟ་རྟོག་ས་ཚིགས། རྫོང་དཔལ་འབྱོར་དོ་དམ་ས་ཚིགས། རིམས་འགོག་ལྟེ་གནས། ཕྱུགས་ལས་བྱ་བའི་ས་ཚིགས།སྲོག་ཆགས་རིམས་འགོག་ལྟ་རྟོགས་སའོ།ནགས་ཚལ་སྤྱི་བདེ་ཅུས། དཔྱི་ཁོག་ནགས་རྭ།ཚན་རྩལ་ཅུས་བཅས་བསྡོམས་པས་ལས་ཁུངས10ཡོད་པ་དང་།ལས་ཁུངས་ཀྱི་ལས་མི150ལྷག་གིས་སྡོང་རྐང25000ལྷག་རྨ་ཆུའི་ལྷོ་ངོགས་སུ་བཙུགས་ནས་བྱེ་ཐང་ལྗང་སྒྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་། །