མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གི་འགོ་ཁྲིད་ལས་བྱེད་རྣམས་ཀྱིས་དམངས་ཕྱུག་ཡུལ་དར་འཆད་ཁྲིད་རིམ་བསྟར་དེ་རྨ་ཆུ་ནས་དུས་ལྟར་རྩ་འཛུགས་ཀྱིས་སློབ་སྦྱོང་བྱས།

རྩོམ་པ་པོ། ཚེ་དོན་དང་རཏན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་ཅུའུ།  2012-05-25 11:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ལས་བྱེད་དམངས་ཕྱུག་ཡུལ་དར་གྱི་འཆད་ཁྲིད་ཀྱི་རྨ་ཆུའི་ཡན་ལག་ཚོགས་འདུ་དེ་རྫོང་ཨུ་རྩ་འཛུགས་པུའུ་དང་དྲིལ་སྒྲོག་པུའུ། ཏང་གི་སློབ་གྲྭའི་ཐུན་མོང་གི་འབད་བརྩོན་འོག་ཏུ་དུས་ལྟར་འཚོགས་ཐུབ་པ་བྱུང་ཞིང་ཚོགས་རྭ་དེ་རྫོང་ཨུའི་ཏང་གི་སློབ་གྲྭའི་སུམ་ཐོག་ཚོགས་རྭ་ནས་ཞིང་ཆེན་ཁྱད་ཞུའི་ཆེད་མཁས་ལུའུ་ལིས་ཅུང་སློབ་དཔོན་ཆེན་མོ་ནས《དམངས་དར་ཡུལ་རྒྱས་ཀྱི་ཅང་སུའུ་རྣམ་པའི》བརྙན་རིས་འཆད་ཁྲིད་ལ་སློབ་སྦྱོང་བྱས།

རྨ་ཆུ་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཀྲིན་ཞོང་དང་རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་མགོན་པོ་ནོར་བུ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལུའུ་ཡིས།ཀྲའོ་བེ་ཏུང་། རྫོང་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའུ་ཀྲང་ལུའུ་ཞོའེ་མེན། རྫོང་རྒྱུན་ཨུ་དང་རྩ་འཛུགས་པུའུ་ཀྲང་བང་ལིས་ཞང་། དམངས་ཆེན་ཀྲུའུ་རིན་གཞོན་པ་ཚེ་དབང་རྒྱ་མཚོ། སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཕྱག་རྡོར་སོགས་ཁོ་རིམ་པ་ཡན་གྱི་ལས་བྱེད67འཆད་ཁྲིད་སྟེང་དུ་ཞུགས། བརྙན་རིས་འཆད་ཁྲིད་མཇུག་རྫོགས་རྗེས་རྫོང་ཨུའི་ཧྲུའུ་ཅི་ཀྲང་ཀྲིན་ཞོང་གིས་གཅིག་ནས་ངོས་ཟིན་མཐོར་འདེགས་ཀྱིས་འགོ་ཁྲིད་ལས་བྱེད་ཀྱི་དམངས་ཕྱུག་ཡུལ་དར་གྱི་འཆད་ཁྲིད་ཀྱི་དོན་སྙིང་གི་གལ་ཆེན་རང་བཞིན་རྟོགས་དགོས་པ་དང་། གཉིས་ནས་གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་བའི་སློབ་སྦྱོང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཀྱིས་སློབ་བརྩོན་ཟུང་འབྲེལ་གྱི་ནུས་པ་མུ་མཐུད་དུ་མཐོ་རུ་གཏོང་དགོས་ཅེས་བསྟན། །